བོད་ལྗོངས་ནག་ཆུའི་བྱང་ཐང་བཙན་པོའི་མགར་གྱི་མཉམ་འཛོམས་སྐབས་དང་པོ།

བོད་ལྗོངས་ནག་ཆུའི་བྱང་ཐང་བཙན་པོའི་མགར་གྱི་མཉམ་འཛོམས་སྐབས་དང་པོ།


      སྤྱི་ལོ་2019་ལོ་8པའི་ཚེས་31་དང་ཟླ་བ་9་པའི་ཚེས་1བར་གྱི་ཉིན་གཉིས་ལ་བོད་ལྗོངས་ནག་ཆུའི་བྱང་ཐང་བཙན་པོའི་མགར་གྱི་རིགས་རུས་ཕུ་ནུ་མཉམ་འཛོམས་སྤྲོ་སྐྱིད་སྐབས་དང་པོའི་དུས་སྟོན་ཕུན་སུམ་ཚོགས་པ་ཞིག་བྱང་ཐང་ནག་ཆུ་ནས་མཇལ་འཛོམས་བྱས་པ་རེད།

      མགར་ཕུ་ནུ་མཇལ་འཛོམས་བྱེད་སྐབས་སུ་བཟའ་བཏུང་ཁོ་ན་ཙམ་མ་ཡིན་པར་མགར་ཚང་གི་རྩ་དོན་དེ་ཡ་རབས་ཀྱི་ཕྱོགས་ནས་མཐུན་སྒྲིལ་དང་ཤེས་རིག་ཡར་སྐུལ་གྱི་ཕྱོགས་ནས་དོན་བཟང་བསྒྲུབ་དགོས་པའི་སྐོར་ལ་གྲོས་ཞིབ་དང་ལག་བསྟར་གྱི་མགོ་བཟུང་བ་བཀྲ་ཤིས་པ་བྱུང་།

    བླ་མ་རིན་པོ་ཆེ་གཉིས་གཙོ་བྱས་ཏེ་རྒན་རབས་འགན་འཛིན་པ་རྣམས་ཀྱིས་དུས་སུ་བབ་པའི་བཀའ་སློབ་སོགས་ཡིད་འཁུལ་བ་བྱུང་སྟེ་མགར་གྱི་རང་རིགས་ཕུ་ནུ་ལ་ཕན་པའི་མཉམ་འཛོམས་ཤིག་རྒྱལ་ཁ་དང་གཟི་བརྗིད་ངང་མཇུག་བསྡུས་ཤིང་།  མདོ་དབུས་ཁམས་གསུམ་གྱི་མགར་སྐོར་ཕུ་ནུའི་གནད་ཡོད་མི་སྣ་དག་དང་བཙན་མགར་དྲ་བ་སོགས་ཀྱིས་ཉེ་འཛོམས་ལ་རྟེན་འབྲེལ་ཞུ་ཡིག་སྦྲིངས།



ལྷན་འཛོམས་ཀྱི་སྣེ་ཁྲིད་པར་བཀའ་དྲིན་ཞུས་པའི་རྣམ་པ།


འགན་འཛིན་རྣམས་ལ་ཁ་བཏགས་ཕུལ་བའི་རྣམ་པ།


མགར་ཕུ་ནུ་མཉམ་འཛོམས་ཀྱི་པར།

འཕྲིན་གཏོང་བ། མགར་སྨྱུག


རྩོམ་སྒྲིག་པ།  དོ་དམ་པ།  སྤེལ་དུས། 2019/9/2 བལྟ་ཀློག (30447)