རྒྱ་ནག་ལྷ་སའམ་ཞེ་ཧོར་ཡུལ་དུ་བསྐྱོད་པའི་བརྗེད་ཐོ།

རྒྱ་ནག་ལྷ་སའམ་ཞེ་ཧོར་ཡུལ་དུ་བསྐྱོད་པའི་བརྗེད་ཐོ།

 དགྲ་ཟོར།


      2019ལོའི་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་གྱི་གཟའ་མཇུག་གི་དུས་ཚོད་བེད་སྤྱད་ནས་གྲོགས་པོ་ཞིག་དང་ལྷན་དུ་མེ་འཁོར་དུ་བསྡད་དེ་པེ་ཅིན་ནས་ཧོ་པེ་ཞིང་ཆེན་གྱི་ཁྲིན་ཏེ་承德གྲོང་ཁྱེར་གྱི་གོང་མའི་ཚ་བྱོལ་ཕོ་བྲང་避暑山庄གི་ཕྱོགས་སུ་པོ་ཏ་ལར་དཔེ་བླངས་ནས་བཞེངས་པའི་དགོན་པ་དང་བཀྲ་ཤིས་ལྷུན་པོར་དཔེ་བྱས་ནས་བཞེངས་པའི་དགོན་པ་སོགས་སུ་མཇལ་འདོད་ཀྱིས་འདུན་པས་བསུས་ནས་ལམ་དུ་ཆས།

      གྲོང་ཁྱེར་འདིར་བོད་སྐད་ཀྱིས་ཞེ་ཧོར་དུ་འབོད་ཅིང་ཆིང་རྒྱལ་རབས་སྐབས་སུ་ཆིང་གོང་མའི་ཚ་བྱོལ་གྱི་ཕོ་བྲང་རྒྱག་ས་ཡིན་ལ། ཆིང་གོང་མ་དང་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་གཉིས་ཐོག་མར་མཇལ་འཕྲད་གནང་ས་ཡིན།ཡུལ་འདིའི་རི་ཆུ་དང་ཡུལ་ལྗོངས་ཧ་ཅང་ཉམས་དགའ་བ་འདུག་ཅིང་འདི་རུ་ད་ལྟ་མི་རིགས་མི་འདྲ་བ་54ལྷག་གིས་མཉམ་དུ་འདུས་ཡོད་པར་འདུག   ཆིང་རྒྱལ་རབས་ཀྱི་གོང་མ་ཁྲི་རབས་དྲུག་པ་ཆན་ལུང་ངམ་ལྷ་སྐྱོང་རྒྱལ་པོའི་སྐབས་སུ་བསམ་ཡས་གཙུག་ལག་ཁང་ལ་དཔེ་བླངས་ནས་བཞེངས་(1755)བའི་ཕུ་ཉི་དགོན(普宁寺)དང་། གོང་མ་དགུང་ལོ་དྲུག་ཅུ་དང་རྒྱལ་ཡུམ་དགུང་གྲངས་བརྒྱད་ཅུར་སླེབས་པའི་དགའ་སྟོན་ལ་1771ལོར་ཕོ་བྲང་པོ་ཏ་ལར་དཔེ་བྱས་ནས་བཞེངས་བར་གྲགས་པའི་ཕོའུ་ཐོའི་ཙུང་ཁྲུང་ཀྲི་མོའུ་དགོན།普陀宗乘之庙ཆན་ལུང་ཁྲི་ལོ་45པར་ཆན་ལུང་གོང་མ་དགུང་ལོ་བདུན་ཅུར་སོན་པར་རྟེན་འབྲེལ་མཛད་སྒོའི་ཐོག་གོང་མའི་གདན་ཞུས་ལྟར་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་མཆོག་འཁོར་དང་བཅས་པ1779ལོར་གཞིས་རྩེ་བཀྲ་ཤིས་ལྷུན་པོ་ནས་ལམ་ལ་ཆས་ཤིང་གོང་མས་གཟབ་རྒྱས་ངང་པཎ་ཆེན་སྐུ་ཕྲེང་དྲུག་པ་བསུ་ཆེད་བཀྲ་ཤིས་ལྷུན་པོར་དཔེ་བླངས་བའི་ཧྤོ་ཧྲོའི་ཀྲི་མོ་须弥福寿之庙(1779)ཞེས་རྒྱང་གྲགས་ཅན་གྱི་ལོ་རྒྱུས་ཀྱི་དགོན་པ་དེ་དག་ཆེད་དུ་མཇལ་ཞིབ་ལ་སོང་བ་ཡིན།    

 

须弥福寿之庙

      སྤྱི་ལོ1779ལ་གོང་མས་གདན་ཞུས་ལྟར་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་མཆོག་བོད་ནས་བཏེགས་ཏེ་རྒྱ་ནག་ཏུ་ཆིབས་ཞལ་བསྒྱུར། དེའི་དུས་སུ་ལྕང་སྐྱ་རིན་པོ་ཆེ་གོང་མའི་དབུ་བླ་མཛད་ཡོད་ལ་གོང་མ་ཆན་ལུང་དགུང་གྲངས་བདུན་ཅུའི་དགའ་སྟོན་དང་འབྲེལ་གོང་མས་ཞེ་ཧོར་དུ་བཀྲ་ཤིས་ལྷུན་པོར་དཔེ་བླངས་ཀྱི་པཎ་ཆེན་རིན་པོ་ཆེར་བཞུགས་གནས་གཟིམ་ཁང་དང་ལྷ་ཁང་མཆོད་ཁང་ནས་གྲྭ་ཤག་དང་བཅས་བཞེངས།1780ལོར་པཎ་ཆེན་སྐུ་ཕྲེང་དྲུག་པ་འཁོར་དང་བཅས་པ་གཞིས་རྩེ་བཀྲ་ཤིས་ལྷུན་པོ་ནས་ལམ་ལ་ཆས་ཏེ་ལམ་ཐག་རིང་པོ་ལེ་དབར་ཁྲི2ལྷག་བརྒྱུད་དེ་ཟླ་13འགོར། གོང་མའི་དབུ་བླ་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་གོང་མའི་ལྷ་སྲས་དྲུག་པ་བཅས་ཀྱིས་ཆིབས་བསུ་རིང་ཐུང་དང་ཤངས་ལེན་གཟབ་རྒྱས་ཐོག་གོང་མའི་དབྱར་གནས་ཞེ་ཧོར་དུ་ཕེབས།ཕོ་བྲང་ཆེན་པོའི་བྱང་ངོས་རྒྱང་གྲགས་གཅིག་ཙམ་གྱི་སར་དབུས་སུ་ཆུ་ཀླུང་དལ་གྱིས་འབབ་པའི་ལུང་པ་ཁ་ཤར་ལྟ། ཕུ་ན་ལྕགས་རི་ཁོར་ཡུག་ཏུ་བྲེས་པའི་ནང་རི་ཀླུང་ཐམས་ཅད་རྩྭ་ལྗང་མྱུ་གུས་ཁྱབ་པ། ཡིད་དུ་འོང་བའི་ཤིང་རིགས་རྣམ་པ་མང་པོ་དང་སྲོག་ཆགས་སྣ་ཚོགས་བཅོས་མའི་མཚོ་སོགས་ས་གཞི་མཛེས་པར་བྱེད་པའི་རྒྱན་གྱི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་ཕོ་བྲང་ཡོང་སྒོ་ཀོན་ཞེས་པ་དང་མདོར་དགྲ་བཅོམ་ཀུན་གསལ་ལྷ་ཁང་ཞེས་པ་འཕགས་ཡུལ་དུ་སངས་རྒྱས་བཅོམ་ལྡན་འདས་འཚོ་གཞེས་ཀྱི་དུས་སྡོམ་པ་སྩོལ་བའི་ཀུན་དགའ་ར་བ་ལུགས་ཀྱི་དགོན་གནས། དེའི་མདོར་རྒྱུད་གྲྭ་ལུགས་ཀྱི་འཇམ་དཔལ་མཚན་ལྡན་ལྷ་ཁང་དང་པོ་ཏ་ལ་སོགས་རིམ་བཞིན་མཆིས་པའི་མདའ་ན་གོང་མས་དངུལ་སྲང་འབུམ་ཕྲག་མང་པོའི་མཐུན་རྐྱེན་སྦྱར་ཏེ། པན་ཆེན་དཔལ་ལྡན་ཡེ་ཤེས་མཆོག་ལ་ཆེད་གཉེར་གྱིས་བཞེངས་བའི་ཆོས་སྡེ་ཆེན་མོ་བཀྲ་ཤིས་ལྷུན་པོ། གཙུག་ལག་ཁང་དང་། མཆོད་ཁང་ཆེན་པོ་རྣམ་གཉིས། ཁང་པ་དང་ཁང་ཕྲན་ལ་སོགས་པ་གཙང་གི་བཀྲ་ཤིས་ལྷུན་པོ་དང་མཚུངས་པ་ལ་སྲོག་ཆགས་ཀྱི་གཟུགས་འགྲོས་སོགས་རྔམ་བརྗིད་དང་ལྡན་པ། ལྕགས་རི་ཆེན་པོ་གྲུ་བཞི་པས་ཁོར་ཡུག་ཏུ་བསྐོར་བ། དབུས་ཆེ་ཞིང་གཡས་གཡོན་གཉིས་ཅུང་ཟད་ཆུང་བའི་གཞུང་སྒོ་ལྷོ་བལྟ་སུམ་གཤིབས་ཀྱི་དབྱིབས་སུ་བཀྲ་ཤིས་ལྷུན་པོ་ཞེས་པའི་པན་གྱིས་གཟེངས་བསྟོད་པ། སྒོ་ཁང་རྒྱ་ཕིབསཀྱིས་མཛེས་པ།ཐུབ་བསྟན་སྤོས་ངད་ཀུན་ལྡང་ཞེས་པ་དང་ཆོས་དབྱིངས་ལྡན་མ་གྲུབ་ཅེས་པའི་པན་གྱིས་རིམ་པ་བཞིན་དུ་མཚན་པའི་རྒྱལ་སྒོ་སར་ནུབ་སྒོ་ཁང་རྒྱ་ཕིབས་སོགས་གོང་མཚུངས། བྱང་དུ་རྒྱབ་རིའི་དབྱིངས་སུ་ཤེར་ཕྱིན་གྱི་མདོ་ནས་གསུངས་པའི་མཆོད་རྟེན་མཐོ་ཞིང་བརྗིད་པ། རྩེ་མོར་མརྒད་ཀྱི་མཛེས་པ་འགོག་པའི་ཧོར་ཕིབས་ཀྱིས་མཚན་པ། གཞན་ཡང་གསེར་ཟངས་ཀྱི་རྒྱ་ཕིབས་སོགས་ཀྱིས་མཛེས་པའི་གཙུག་ལག་ཁང་དང་རྡོ་གཅལ་དང་བདེ་ཡངས་ཀྱི་དབུས་དང་། མཆོད་ཁང་ཆེན་པོ་ཤར་མ་དང་ནུབ་མ་དང་པོ་བྲང་རྣམས་ལ་རིམ་བཞིན་ངོ་མཚར་བཀོད་པ་ཞེས་པ་དང་། དག་ཞིང་ཀུན་འདུས་ཞེས་པ། ཉི་འོད་འཁྱིལ་ཞེས་པ། ཡིད་དགའ་རབ་འཕེལ་ཞེས་པ། བཀྲ་ཤིས་ཆོས་དགའ་ཞེས་པ། དམ་ཆོས་འབྱུང་གནས་ཞེས་པའི་པན་གྱིས་གཟེངས་བསྟོད་པ་སོགས་ཕྱི་ནང་གི་བཀོད་པ་ཕུན་སུམ་ཚོགས་པ་ནི་ཆིང་གོང་མས་སྔོན་ཏཱ་ལའི་བླ་མ་ཕེབས་སྐབས་ཀྱང་མེས་པོས་རྒྱལ་པོས་ལྷ་ཁང་སེར་པོ་བཞེངས་བའི་སྲོལ་ལམ་ལྟར་ད་ལམ་བླ་མ་ཉིད་བཞུགས་ཡུལ་ལ་ངེད་ནས་བཀྲ་ཤིས་ལྷུན་པོ་དང་འདྲ་བའི་ལྷ་ཁང་དང་དགོན་པ་འདི་བཞེངས་བ་ཡིན་ཞེས་པཎ་ཆེན་སྐུ་ཕྲེང་དྲུག་པར་སྣེ་ལེན་རྒྱ་ཆེར་བྱས།  ཞེ་ཧོར་གྱི་དགོན་བཀྲ་ཤིས་ལྷུན་པོ་འདི་ཉིད་པཎ་ཆེན་ཨེར་ཏི་ནིའི་བཞུགས་གནས་ལ་ཆེད་ཀྱིས་གསར་བསྐྲུན་བགྱིས་པ་ཡིན་པས་དགོན་གནས་འདི་ཉིད་དུ་གཙང་གི་བཀྲ་ཤིས་ལྷུན་པོའི་མདོ་སྔགས་ཀྱི་ཆོ་ག་ཕྱག་ལེན་ཇི་ལྟ་བ་བཞིན་ཚུགས་ན་སྙམ་པ་ངེད་ཀྱི་དགོངས་པ་ཡིན་པས། དེས་ན་ད་རེས་པཎ་ཆེན་ཨེར་ཏེ་ནིའི་གྲྭ་ཚང་གི་ཁྲོད་ནས་དགོན་གནས་འདི་ཉིད་ཀྱི་མཁན་པོར་འོས་པའི་མདོ་སྔགས་གཉིས་ལ་མཁས་པའི་བླ་མ་བཟང་བ་ཞིག་དང་། བྱང་འདྲེན་དགེ་སྐོས། བྱིངས་གྲྭ་པ་གང་ཐོན། དེ་འཕྲོས་རྣམས་དགོན་ཁག་གཞན་ནས་ཁུ་བསྡུས་ཀྱིས་འཇུག་རྒྱུ་ཡིན་ཚུལ་པཎ་ཆེན་ལ་ཞུས་པ་ལྟར། མཁན་པོར་གངས་ཅན་ཤར་རྩེ་བླ་མ་ཞི་གནས་པ་བཀའ་ཆེན་བློ་བཟང་རྡོ་རྗེ། དགེེ་སྐོས་སུ་ཐོས་བསམ་གླིང་གྲྭ་ཚང་གི་དངོས་གྲུབ་ཆོས་རྫོང་པ་རབ་འབྱམས་པ་བློ་བཟང་བཀྲ་ཤིས། བྱིངས་མཚན་ཉིད་པ་གྲྭ་པ་ཉི་ཤུ་སྐོར་བཅས་བསྐོ་བཞག་གནང་ཞིང་ད་ལྟའི་བར་ལོ་སྟོང་གཅིག་ཉིས་བརྒྱ་བཞི་བཅུ་ལྷག་གི་ལོ་རྒྱུས་ཡོད།

 

普宁寺

      ཕུ་ཉི་དགོན普宁寺འདི་ནི་ཞེ་ཧོར་ཡུལ་དུ་སྦྱང་བའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཐོག་མའི་གྲས་ཡིན།1755ལོར་བཞེངས་བར་འདུག དགོན་པའི་མདུན་ནི་རྒྱ་ལུགས་ཡིན་པ་དང་རྒྱ་རིགས་ཀྱི་སྲོལ་རྒྱུན་ནང་བསྟན་དགོན་པའི་ཁྱད་ཆོས་ལྡན་པ་དང་། རྒྱབ་ནི་བོད་བཟོའི་རྣམ་པ་ཡིན་པ་དང་བསམ་ཡས་དགོན་པར་དཔེ་བྱས་ནས་བསྐྲུན་པ་རེད་ལ་ཉམས་འགྱུར་མི་འདྲ་བའི་འཛུགས་སྐྲུན་གཉིས་གཞི་གཅིག་ཏུ་འདྲེས་ཡོད་པ་རེད་། དགོན་པ་ཧྲིལ་བོ་བརྗིད་ཉམས་ལྡན་ལ་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི་2.3་ཟིན་ཡོད་།


ནང་རྟེན་གཙོ་བོ་ཤིང་བརྐོས་ཀྱི་སྤྱན་རས་གཟིགས་སྤྱན་སྟོང་ཕྱག་སྟོང་མཐོ་ཚད་སྨི་27.21ཅན་གསེར་རྩི་བྱུག་ཡོད་པ་དེ་ཡིན་འདུག 

 

普陀宗乘之庙

       普陀宗乘之庙ནི་གོང་མ་དགུང་ལོ་དྲུག་ཅུ་དང་རྒྱལ་ཡུམ་དགུང་གྲངས་བརྒྱད་ཅུར་སླེབས་པའི་དགའ་སྟོན་ལ1771ལོར་ཕོ་བྲང་པོ་ཏ་ལར་དཔེ་བྱས་ནས་བཞེངས། ཧོ་པེ་ཞིང་ཆེན་གྱི་ཚ་གཡོལ་རི་གྲོང་བྱང་ངོས་སུ་གནས་པ་དང་སེང་གེ་ལུང་ཤུར་གྱི་ལྷོ་ངོས་སུ་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི་22་བཟུང་ཡོད། འདི་ལ་ཡོངས་གྲགས་སུ་པོ་ཏ་ལ་ཆུང་ཆུང་ཞེས་འབོད། སྒོ་འགྲམ་དུ་རྡོ་རིང་གསུམ་འདུག་ཅིང་རྡོ་རིང་གི་ཡི་གེ་ནི་མན་ཇུ་དང་།རྒྱ་ཡིག་སོག་ཡིག་བོད་ཡིག་རིགས་བཞི་ཡིས་བརྐོས་པ་དང་།རྒྱ་ཡིག་ནི་ཆན་ལུང་རང་གི་ཕྱག་བྲིས་ཡིན་འདུག་ལ་རྡོ་རིང་ལྡིང་ཁང་གི་བྱང་ཕྱོགས་སུ་མཆོད་རྟེན་ལྔ་ཡོད་པ་དང་།སྟེགས་བུ་དཀར་པོའི་སྟེང་དུ་མཆོད་རྟེན་ལྔ་བཙུགས་པ།ཤར་ནས་ནུབ་བར་སོ་སོར་ནག་པོ་དང་།་དཀར་པོ།་སེར་པོ།་ལྗང་ཁུ།་དམར་པོ་བཅས་ཡིན་ཞིང་།ཁ་དོག་རེ་རེས་ཆོས་ལུགས་གྲུབ་མཐའ་རེ་མཚོན་ཡོད། ཆིང་རྒྱལ་རབས་ཀྱི་སྐབས་སུ་སེར་པོའི་ཆོས་ལུགས་ནི་རྒྱལ་ཁབ་ཀྱི་ཆོས་ལུགས་ཡིན། 2019.10.25ཉིན།

 


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2020/1/13 བལྟ་ཀློག (31615)