རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བ་པེ་ཅིང་དུ་འཚོགས་མགོ་བརྩམས་པ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་

བཞི་བ་པེ་ཅིང་དུ་འཚོགས་མགོ་བརྩམས་པ།

   ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་ཚེས4ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་བརྩམས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྟོང་གཉིས་དང་བརྒྱ་ལྷག་གིས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་དམ་དུ་དམིགས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རྩ་གནད་གཏན་འབེབས་དང་ལག་བསྟར་བྱེད་པར་གཞིགས་ནས། ལས་སྒྲུབ་འགན་ཁུར་ཏན་ཏིག་བྱེད་པ་དང་། སྲིད་སྐྱོང་ཐབས་འདོན་ལེགས་པོ་བྱེད་པ། ཐུན་མོང་ལྟ་བ་རྒྱ་ཆེར་གཅིག་སྡུད་བྱེད་པ་བཅས་ཀྱི་ཐོག་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ལེན་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་རྒྱུ་རེད།

   རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། ཝན་ཀང་། ཧི་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲིན་ཝེ། མ་པེའོ། ཁྲིན་ཞའོ་ཀོང་། ལེང་ཀྲིན་དབྱིན། ཞ་པའོ་ལུང་། དབྱང་ཁྲོན་ཐང་། ལིས་པེན། པ་ཐིར། ཝང་ཡུང་ཆིང་། ཧི་ལིས་ཧྥིན། སུའུ་ཧུའེ། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།


   ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་ཚེས4ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་བརྩམས། འདི་ནི་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་ཚུལ་རེད།

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པ་དང་། ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་དགོས་པའི་ཨུ་ཡོན་སྟོང་གཉིས་དང་བརྒྱ་དང་ང་དགུ་ཡོད་པ་དང་། ཨུ་ཡོན་སྟོང་གཉིས་དང་བརྒྱ་དང་དྲུག་ཚོགས་འདུར་ཞུགས་པས། ཁྲིམས་བཀོད་མི་གྲངས་དང་མཐུན།


   ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་ཚེས4ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་བརྩམས།

ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་། ཀྲང་ཆིན་ལིས་ཀྱིས་ཚོགས་ཆེན་མགོ་བརྩམས་པ་ཁྱབ་བསྒྲགས་གནང་བ་དང་། ཚང་མ་ཡར་ལངས་ཏེ་རྒྱལ་གླུ་བླངས།

ཚོགས་ཆེན་ཐོག་སྔོན་ལ་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།


   ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་ཚེས་བཞི་ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་མགོ་བརྩམས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།

   ཝང་དབྱང་གིས་བསྟན་དོན། སྤྱི་ལོ2020ལོ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམས་བྱེད་པར་དམ་དུ་དམིགས་ནས་ལས་སྒྲུབ་འགན་ཁུར་ནན་མོ་བྱས་པ་དང་། སྤྱི་ཚོགས་ཀྱི་སེམས་ཁུར་ཆེན་པོར་དམ་དུ་དམིགས་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་བསྣན་ཞིང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་འཛུགས་སྐྲུན་དམ་དུ་བཟུང་ནས་བྱ་བའི་ཕན་ནུས་ཇེ་ཆེར་བཏང་སྟེ། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་དམིགས་འབེན་མངོན་འགྱུར་བྱེད་པར་བྱས་རྗེས་བཟང་བོ་བཞག་པ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འཛུགས་སྐྲུན་ལ་རྣམ་པ་གསར་པ་མངོན་པར་བྱས་ལ། དཀྱིལ་སྙིང་ལ་ཞབས་འདེགས་ཞུ་བའི་ལས་འགན་ཐད་གྲུབ་འབྲས་གསར་པ་བླངས་པ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་དམིགས་བསལ་གྱི་ལོ་ལ་དམིགས་བསལ་གྱི་ཨུ་ཡོན་གྱི་ལས་ཀ་བསྒྲུབས་ཡོད་ཟེར།

   ཝང་དབྱང་གིས་ཕྱོགས་ལྔའི་ཐད་ནས་འདས་པའི་ལོ་གཅིག་གི་རྒྱལ་ཡོངས་སྲིད་གྲོས་ཀྱི་བྱ་བར་སྤྱི་སྡོམ་མཛད་པ་སྟེ། གཅིག་ནི་གཞུང་ལུགས་སློབ་སྦྱོང་ཟབ་མོ་བྱས་པ་དང་།  ཨུ་ཡོན་གྱི་དཔེ་ཀློག་བྱ་འགུལ་ཟབ་མོར་སྤེལ་ནས་འདུ་ཤེས་བཞི་ཇེ་ཆེར་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་དོན་འཁྱོལ་བྱེད་པ་་བཅས་ཀྱི་བསམ་བློའི་རྨང་གཞི་སྔར་ལས་སྲ་བརྟན་དུ་བཏང་། གཉིས་ནི་གྲོས་མོལ་དང་འགན་སྒྲུབ་ཟབ་མོ་བྱས་ནས་གྲོས་མོལ་གྱི་རྣམ་པ་སྣ་ཚོགས་ནུས་ལྡན་ངང་སྤྱད་པ་དང་། དྲ་ཐོག་སྲིད་གླེང་གི་བཟང་ཆ་འདོན་སྤེལ་བྱས་ཏེ་རིམས་ནད་འགོག་སྡོམ་རྒྱུན་རྣམ་ཅན་ལ་འགྱུར་བའི་ཆ་རྐྱེན་འོག འགན་སྒྲུབ་ཀྱི་བྱ་འགུལ་མི་ལྷོད་པ་དང་། ཟང་ཟིང་དུ་མི་འགྱུར་བ། མཚམས་མི་ཆད་པ་བཅས་ལ་ཁག་ཐེག་བྱས། གསུམ་ནི་ཨུ་ཡོན་གྱི་འཆད་ཁྲིད་དང་། ཆེད་དོན་བྱ་བ་གལ་ཆེན་གྱི་ཨུ་ཡོན་སྒྲོག་འགྲེལ་ཚོགས་པ། སེམས་གཏམ་གླེང་བ་སོགས་ཀྱི་སྟེགས་བུ་མུ་མཐུད་འཐུས་ཚང་དུ་བཏང་བ་དང་། ཏང་ནང་ཁུལ་ནས་ཏང་ཕྱིའི་བར་དང་། ཨུ་ཡོན་ནས་ལས་རིགས་སོ་སོའི་མང་ཚོགས་བར་གྱི་ཐུན་མོང་ལྟ་བ་གཅིག་སྡུད་བྱེད་པའི་བྱ་བའི་རྣམ་པ་འཐུས་ཚང་དུ་བཏང་ནས་མཐུན་སྒྲིལ་མཉམ་ལས་ཀྱི་དྲང་ནུས་གཅིག་སྡུད་བྱས། བཞི་ནི་སྲིད་གྲོས་ཀྱི་བྱ་བའི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས་ཀྲུང་དབྱང་གི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དེ་ཟབ་མོ་དང་ནན་མོར་འགྱུར་བར་སྐུལ་འདེད་བཏང་། ལྔ་ནི་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ལས་རིགས་སོ་སོར་འབྲེལ་གཏུག་དང་ཨུ་ཡོན་ལ་ཞབས་འདེགས་ཞུ་བའི་ནུས་པ་བཏོན་ནས་སྲིད་གྲོས་བྱ་བའི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་བཏང་ཟེར།

   ཝང་དབྱང་གིས་ནན་གྱིས་བསྟན་དོན། སྤྱི་ལོ2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་འབྱེད་པའི་ལོ་དང་པོ་ཡིན། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་། སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱེད་པ། ཀྲུང་གུང་ཀྲུང་དབྱང་གི་སྲིད་ཇུས་མཛད་ཕྱོགས་དང་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་ནས་ཐབས་ཇུས་འདོན་པ་དང་། ཐུན་མོང་ལྟ་བ་གཅིག་སྡུད་བྱེད་བའི་བྱ་བ་ལེགས་པོར་སྒྲུབ་པ། ཆུ་ཚད་མཐོ་བའི་འགན་སྒྲུབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་བ་ལག་བསྟར་བྱེད་པའི་མགོ་བཟང་པོ་རྩོམ་པར་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཟེར།

   ཝང་དབྱང་གིས་ནན་གྱིས་བསྟན་དོན། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱིས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་ཕྱོགས་བསྡུས་ཀྱིས་མཚོན་ཡོད་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་མགོ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་གོང་དུ་སྤེལ་བ་དང་ཀྲུང་གོའི་བཅོས་སྐྱོང་གི་མགོ་རྩོམ་པའི་ལམ་ལུགས་ཀྱི་ཇུས་འགོད་གལ་ཆེན་དང་དམིགས་བསལ་གྱི་བཅོས་སྐྱོང་སྟེགས་བུ་ཡང་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་། ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་བཟང་ཆ་དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་པར་འགྱུར་བར་བྱེད་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་བཟང་ཆ་དམ་འཛིན་ཡག་པོ་བྱེད་པ་དང་། དོན་དག་ཡོད་ན་གྲོས་མོལ་བྱེད་པ་དང་སྤྱི་དོན་ལ་སྤྱི་གྲོས་བྱེད་པའི་ལམ་ལུགས་ཅན་གྱི་ལག་ལེན་རྒྱུན་མ་ཆད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་བྱ་བའི་ལམ་ལུགས་རྒྱུན་མ་ཆད་པར་འཐུས་ཚང་དུ་གཏོང་བ་དང་། ལག་ལེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གྲོས་མོལ་གྱི་རིག་གནས་སྐྱེད་སྲིང་བྱེད་པ་བཅས་བྱས་ནས། སྲིད་གྲོས་གྲོས་མོལ་དང་གྲོས་མོལ་གྱི་རྣམ་པ་གཞན་དག་བར་དུ་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པར་སྐུལ་འདེད་གཏོང་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་འགན་སྒྲུབ་ནུས་པ་ཧུར་ཐག་གིས་ཇེ་ཆེར་གཏོང་བ་དང་། ཨུ་ཡོན་གྱིས་གྲོས་མོལ་གྱི་སྒྲིག་སྲོལ་བཀོལ་སྤྱོད་སྔར་ལས་བཟང་བོ་བྱེད་པ་དང་འབྲེལ་གཏུག་བྱེད་ཐབས་ཁོང་དུ་ཆུད་པར་སྐུལ་འདེད་བཏང་ནས། སེམས་སུ་འགན་འཁྲི་ཤེས་པ་དང་། ལུས་ཀྱིས་འགན་འཁྲི་འཁུར་བ། བྱ་སྤྱོད་ལས་འགན་འཁྲི་སྒྲུབ་པ་བཅས་བྱས་ཏེ། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སེམས་དང་མི་དམངས་བསམ་པའི་ཕན་སེམས། འགན་ཁུར་སྒྲུབ་པའི་ནུས་པ་བཅས་ཟུང་འབྲེལ་སྔར་ལས་བཟང་བོ་བྱས་ནས། འཐབ་ལམ་གསར་པའི་ཁྲོད་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་གསར་པ་མངོན་པར་བྱེད་དགོས་ཟེར།

   རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའུ་ཧྲིན་ཙུའུ་ཡིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས། ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པའི་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་ཁོངས་ཞུགས་ལས་ཁུངས་ཁག་གིས་གྲོས་གཞི་སྟོང་ལྔ་དང་དགུ་བརྒྱ་དོན་བཞི་བཏོན་པ་དང་། གྲོས་གཞི་སྟོང་ལྔ་བཞི་བཅུ་ཞེ་བཞི་ཆེད་ཐོ་བཀོད་ཡོད། གྲོས་གཞི་དེ་དག་གིས་དུས་རབས་ཀྱི་འཕེལ་སྟངས་དང་དམ་དུ་སྦྲེལ་ཡོད་པ་དང་། དཀྱིལ་སྙིང་གི་བྱ་བར་དམ་དུ་དམིགས་ཡོད་ལ། མི་དམངས་ལ་བཅངས་པའི་བརྩེ་བ་མཚོན་ཡོད་ཅིང་། ཨུ་ཡོན་གྱི་སེམས་ཤུགས་དང་བློ་གྲོས་གཅིག་སྡུད་བྱས་ཡོད་ལ། རྒྱ་ཆེའི་མང་ཚོགས་ཀྱི་བསམ་འདུན་དང་རེ་འདུན་མཚོན་ཡོད། གྲོས་གཞི་འགན་སྒྲུབ་ལས་ཁུངས་ཀྱིས་རིམས་ནད་ཀྱི་གནོད་རྐྱེན་ཁྱད་དུ་སེལ་ནས་རིམ་པ་བཞིན་འགན་འཁྲི་ནན་གྱིས་འཁུར་བ་དང་། གྲོས་གཞི་འགན་སྒྲུབ་བྱས་ཚད་བརྒྱ་ཆའི་གོ་དགུ་ལྷག་ལ་བསླེབས་ཡོད། སྲིད་གྲོས་ཀྱི་གྲོས་གཞིའི་བྱ་བས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ཐད་ཞབས་འདེགས་ཞུ་བར་བྱས་རྗེས་གསར་པ་བཞག་ཡོད་ཟེར།

   ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་མགོ་ཁྲིད་བློ་མཐུན་ལ་ད་དུང་ཏེན་ཞུའེ་ཞང་དང་ཝང་ཁྲིན། ལིའུ་ཧི། ཞུའུ་ཆི་ལེང་། སུན་ཁྲུན་ལན། ལིས་ཞི། ལིས་ཆང་། ལིས་ཧུང་ཀྲུང་། དབྱང་ཅེ་ཁྲི། དབྱང་ཞའོ་ཏུའུ། ཀྲང་ཡུག་ཞ། ཁྲིན་ཞི། ཁྲིན་ཆོན་གོ། ཁྲིན་མེན་ཨར། ཧུའུ་ཁྲུན་ཧྭ། གོ་ཧྲིན་ཁུན། ཧོང་ཁུན་མེན། ཚའེ་ཆི། ཡུག་ཆོན། ཚའོ་ཅན་མེན། ཀྲང་ཁྲུན་ཞན། ཧྲིན་ཡེའོ་ཡེའོ། ཅི་པེན་ཞོན། ཨེ་ལེ་ཀིན་དབྱི་མེན་པ་ཧེ། ཝན་ཨི་ཞང་། ཁྲིན་ཀྲུའུ། ཝང་ཏུང་མེན། པད་མ་འཕྲིན་ལས། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏ་ཧྥིན། ཝུའུ་ཝེ་ཧྭ། ཝེ་ཧྥིན་ཧི། ཝང་ཡུང་། ཝང་དབྱི། ཞའོ་ཅེ། ཀྲའོ་ཁི་ཀྲི། ཀྲིག་ཆང་། ཀྲང་ཅུན་སོགས་ཡོད།

   ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གདན་དྲངས་པ་ལྟར་འཚོགས་མགོ་རྩོམ་པའི་ཚོགས་འདུར་ཟུར་ཞུགས་བྱས། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་སོགས་ཀྱང་གདན་དྲངས་པ་ལྟར་འཚོགས་མགོ་རྩོམ་པའི་ཚོགས་འདུར་ཞུགས་ཡོད།


ཕྱུག་ལོས་བསྒྱུར།


རྩོམ་སྒྲིག་པ།  མགར་ཚེ་རིང་བཀྲ་ཤིས།  སྤེལ་དུས། 2021/3/5 བལྟ་ཀློག (31708)