གཉེན་སྒྲིག་བཅའ་ཁྲིམས།

གཉེན་སྒྲིག་བཅའ་ཁྲིམས།

༼བཅའ་ཁྲིམས་ལེགས་པོར་སྦྱངས་ན་དཀར་ནག་གསལ་བོར་འབྱེད་ཐུབ།   ཁྲིམས་ལྟར་ཁེ་དབང་བསྲུངས་ན་གྱོང་དང་ཕམ་ཁ་མི་རེག  ཁྲིམས་ལྟར་གཉེན་སྒྲིག་ཐོ་འགོད་བྱས་རྗེས་ད་གཟོད་ཁྱིམ་ཚང་དང་ཁྱོ་ཤུག  བུ་ཕྲུག་བཅས་ཀྱི་ཁེ་དབང་ལ་འགན་སྲུང་ཐུབ། ༽

གཉེན་སྒྲིག་བཅའ་ཁྲིམས་ནང་དུ་རང་རྒྱལ་གྱིས་རང་མོས་གཉེན་སྒྲིག་བྱེད་པ་དང་ཁྱོ་གཅིག་ལ་ཤུག་གཅིག   ཕོ་མོ་འདྲ་མཉམ་ཡིན་པ་བཅས་ཀྱི་གཉེན་སྒྲིག་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད།   གཉེན་སྒྲིག་བྱས་ན་ཁྲིམས་ལྟར་ཐོ་འགོད་བྱེད་དགོས།   ཁྱོ་ཤུག་གཉིས་ཀས་ཕན་ཚུན་ལྷག་བསམ་དང་བརྩི་བཀུར།  འདྲ་མཉམ་དང་མཛའ་མཐུན།   ཡ་རབས་ཚུལ་ལྡན་བཅས་གཉེན་སྒྲིག་ཁྱིམ་ཚང་གི་འབྲེལ་བ་སྲུང་སྐྱོང་བྱེད་ཅིང་།   འཆར་ལྡན་བུ་བཙའ་ལག་བསྟར་བྱེད་དགོས།  ཁྱོ་ཤུག་གི་འབྲེལ་བ་ཡོད་པའི་དུས་ཡུན་ནང་ཐོབ་པའི་རྒྱུ་ནོར་དཔེར་ན།   གླ་ཕོགས་དང་བྱ་དགའི་དངུལ།   ཐོན་སྐྱེད་དང་ཚོང་གཉེར་ལས་ཡོང་སྒོ།  ཤེས་ཡོན་ཐོན་དབང་ལས་ཡོང་སྒོ།   ཤུལ་བཞག་གམ་བྱིན་པ་ལས་ཐོབ་པའི་རྒྱུ་ནོར་སོགས་ཁྱོ་ཤུག་གཉིས་ཀར་དབང་བ་ཡིན།  ཕ་མ་ལ་ནར་མ་སོན་པའི་བུ་ཕྲུག་ལ་སྲུང་སྐྱོབ་དང་སློབ་གསོ་གཏོང་བའི་ཁེ་དབང་དང་འོས་འགན་ཡོད།   ནར་མ་སོན་པའི་བུ་ཕྲུག་གིས་གཞན་ལ་གནོད་སྐྱོན་བཟོས་ཚེ་ཕ་མ་ལ་དམངས་དོན་སྐོར་གྱི་ཁྲིམས་འགན་འཁུར་རྒྱུའི་འོས་འགན་ཡོད་ཅེས་གཏན་ལ་ཕབ་ཡོད།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/3/16 བལྟ་ཀློག (4917)