གཟབ་དགོས་པ་ནི་མཁལ་མ་སོགས་རྐུ་བ་རེད།

གཟབ་དགོས་པ་ནི་མཁལ་མ་སོགས་རྐུ་བ་རེད།

          བདག་གི་འཕྲིན་ཕྲན་ལས་ཀན་ལྷོ་སོགས་ནས་བོད་མི་གསུམ་ཙམ་ལ་སྨན་ཁང་དུ་བཤའ་བཅོས་བྱས་རྗེས་མཁལ་མ་བརྐུས་སོང་བའི་གནས་ཚུལ་བྱུང་བར་བཤད་པ་མཐོང་།   དེ་རིང་དེ་དང་མཐུན་པའི་སྐད་གསར་ཅིག་ཐོས་པ་ནི།  ཧེ་ནན་ཞིང་ཆེན་ཧེ་ཁོས་གྲོང་ཁྱེར་གྱི་གཞི་སྡོད་གྲོང་མི་ཧྥོང་ཧྭ༼ 冯花  ༽ཟེར་བ་མགོ་གཟེར་ནས་ཧེ་ཁོས་མི་དམངས་སྨན་ཁང་དུ་ཞུགས།

སྨན་པས་ཀླད་ཁྲག་བརྡོལ་བས་བཤའ་བཅོས་དགོས་པར་ལབ་ནས་དེ་ལྟར་བྱས།  བཤའ་བཅོས་ཟིན་པ་དང་ཚོར་མེད་༼植物人༽རོ་ལྟར་གྱི་ནད་པར་གྱུར།   སྨན་པས་སྨན་ཁང་དུ་བརྟག་དཔྱད་བྱས་ཚེ་ཧྥོང་ཧྭའི་མཁལ་མ་གཡོན་པ་དང་།   མཆིན་པའི་ཕྱེད་ཅིག་དང་།   བྲང་གི་རུས་ཐུར་སོགས་མི་འདུག་པར་བཤའ་བཅོས་སྐབས་བརྐུས་པ་མངོན་གསལ་དུ་བྱུང་།   ད་ལྟ་ནད་པ་ཚབས་ཆེ་ཞིང་འཆི་བ་ལ་ཕྱོགས་བཞིན་པ་དང་གྱོད་གཞི་སྲིད་གཞུང་ལ་གཏུགས་ནས་རྩད་གཅོད་པའི་སྒང་རེད་ཟེར།  དེས་ན་དེང་ཕྱིན་ཐམས་ཅད་ཀྱིས་ནད་པ་བཤའ་བཅོས་བྱས་ན་གཟབ་དགོས་པ་གལ་ཆེ་བས་ཡིད་ལ་ཆོངས་ཤིག

དྲ་རྒྱ་ལས་བཏུས།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/3/21 བལྟ་ཀློག (2723)