རྔ་བའི་ཚོང་བ་མགར་དོན་གྲུབ་ངོ་སྤྲོད་མདོར་བསྡུས།

རྔ་བའི་ཚོང་བ་ཞིག་གི་ལྷག་བསམ་དང་ཁོའི་མི་ཚེའི་བཞུད་ལམ།  

          རྔ་བའི་ཚོང་བ་མགར་དོན་གྲུབ་ལགས་ནི་སྤྱི་ལོ་1957ལོར་སྐྱེས་ཤིང་།   དུས་དང་རྐྱེན་དབང་གིས་སློབ་གྲྭར་ཞུགས་པའི་གོ་སྐབས་མ་བྱུང་མོད། སྤྱི་ལོར་1982ལོར་ཚོང་ལས་ཙག་ཙིག་ནས་མགོ་བརྩམས་ཤིང་སྤྱི་ལོ་2000ལོར་མཚོ་སྔོན་མགོ་ལོག་དར་ལག་རྫོང་དུ་མགར་ཕྱོགས་མགྲོན་སྣེ་ལེན་ཁང་ཞིག་བསྒྲུབས།

         སྤྱི་ལོ་2006ལོ་ནས་ཁོས་དྲང་བདེན་གྱི་ཡོང་འབབ་གང་ཡོད་ཟས་ཞིམ་པོ་ཟ་བ་དང་གོས་ཡག་པ་གྱོན་པའི་ཐད་དུ་མ་བཀོལ་བར་མགོ་ལོག་གི་དར་ལག་རྫོང་།  དགའ་བདེ་རྫོང་།  པདྨ་རྫོང་གསུམ་གྱི་བདག་མེད་རྒས་སོང་དང་ནུས་མེད་དབང་བོ་སྐྱོན་ཅན་སོགས་ལ་གང་ལ་གང་མཁོ་བཞིན། ཕྱེ་འབྲས། རྡོ་སོལ། གྱོན་གོས་བོད་ལྭ་དང་ཉལ་ཐུལ།  མལ་གདན་སོགས་སྦྱིན་གཏོང་བྱས་པ་རེད།

       2008ལོར་མགོ་ལོག་ཁུལ་ན་གཞོན་ལྷན་ཚོགས་ཀྱིས་ཁུལ་སློབ་སྐྱོར་རོགས་དངུལ་འདུ་ཚོགས་སྟེང་སྔ་ན་མེད་པའི་ཞལ་འདེབས་ཕུལ་ཏེ་­༼འབྲོག་ཁུལ་སེམས་འཛིན༽གྱི་མཚན་སྙན་བྱ་དགའ་བླངས། དེ་བཞིན་འབྲེལ་ཡོད་སྲིད་གཞུང་དང་མི་སེར་ཡོངས་ཀྱིས་ཁོ་ལ་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་ཁོའི་མཚན་སྙན་རྨ་ཡུལ་རྩྭ་ཐང་དུ་ཁྱབ།  ཡང་གཅིག་བཤད་ན། ཐེངས་གཅིག་ཙམ་སུས་ཀྱང་ལས་སླ་བོར་འདོད་ཀྱང་ཁོས་ཐེངས་དུ་མར་གཞན་གྱི་དཀའ་ངལ་ཕྲག་སྟེང་དུ་ལེན་པའི་སྙིང་སྟོབས་ལ་སུས་ཀྱང་བསྒྲུན་དུ་མེད་པ་ནི་ཁོའི་མི་ཚེའི་བཞུད་ལམ་ཡིན་ཞིང་། མགར་སྐོར་ཕུ་ནུའི་སྐྱིད་སྡུག་བྱ་བཞག་ཁྲོད་དུའང་བྱམས་བརྩེ་ཡིས་ལག་ཟུང་མང་བོ་བསྲིངས།  

       སྤྱི་ལོ་2008ལོར་མགོ་ལོག་འབྲོག་མི་ཡར་སྐུལ་ཚོགས་པའི་གཙོ་འགན་པ་རག་ཤུལ་ནོར་བུ་ཚེ་རིང་དང་ལྷན་དུ་གཙོ་གཞོན་གྱི་འགན་ཁུར་ཏེ་ཧི་གཟུགས་ནང་བཅུག་གི་བོད་ཡིག་ལག་ཁྱེར་ཁ་པར་ཞིག་བཟོས་ནས་བོད་ཁམས་ཀྱི་བོད་ཡིག་ལག་ཁྱེར་ཐོག་མར་གྲགས་པ་ཞིག་གིས་བོད་ཀྱི་སྐད་དང་ཡི་གེར་ཞབས་འདེགས་མི་དམན་པ་ཞུས།

      2011ལོར་མགོ་ལོག་དར་ལག་རྫོང་དུ་བོད་ལྗོངས་གསོ་རིག་སློབ་གླིང་གི་ཞིབ་འཇུག་སློབ་མ། འབུམ་རམས་པ་ཅོ་ནེ་ཁྱ་དགེའི་རྡོ་རྗེ་ཚེ་རིང་དང་མཉམ་དུ་མི་སེར་ལ་སྟབས་བདེའི་དོན་གྲུབ་བོད་ལུགས་སྨན་ཁང་ཞིག་བཙུགས་ཏེ་བོད་སྨན་བོད་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལག་ཐབས་སྒང་རྩ་གཏར་བའི་ལག་ལེན་དང་། བལ་མེ་དང་།  ཕུར་མཉེ། མེ་བུམ། ཏེལ་བསྲེགས་སོགས་དཔྱད་བཅོས་ཀྱི་ལག་ལེན་ཕུན་སུམ་ཚོགས་པས་ས་གནས་མི་དམངས་ལ་ཞབས་འདེགས་ཞུས་པར་མ་ཟད་བདག་མེད་རྒས་སོང་དང་འབྱོར་མེད་དབུལ་བོ་སོགས་ལ་སྨན་སྦྱིན་མཛད་པ་སོགས་ངོ་མཚར་བའི་ལོ་རྒྱུས་མང་ངོ་། །

       སྤྱི་ལོ2012ལོར་གོང་རིམ་ནས་ཆོག་མཆན་ཐོབ་པའི་ལས་ཁུངས་གཉན་པོ་གཡུ་རྩེ་ལྗོངས་རྒྱུ་ཐོན་རྫས་གསར་སྤེལ་ཚོང་གཉེར་འགན་འཁྲི་ཚད་བཅས་སྤྱི་གཉེར་ཁང་གི་གཙོ་འགན་པ་རག་ཤུལ་ནོར་བུ་ཚེ་རིང་དང་ལྷན་དུ་གཙོ་གཞོན་གྱི་འགན་ཁུར་ནས་དམངས་ཁྲོད་ཤེས་རིག་ལས་ཚན་རིག་དང་མཐུན་པའི་འཚོ་བའི་རྒྱུན་ཤེས་ཀྱི་ཅ་ལག་བཟོ་སྐྲུན་རྒྱུན་འཛིན་གྱི་ཕྱག་ལས་གནང་དང་གནང་མུས་སུ་ཡོད་ལ་མདོར་ན་ཁོས་ནམ་དུ་ཡང་བོད་མི་རིགས་འདི་ལ་སྲི་ཞུ་རྣམ་དག་ཅིག་བསྒྲུབས་དང་སྒྲུབ་བཞིན་ཡོད།  

མགར་དོན་གྲུབ་ལག་ཁྱེར་ཁ་པར།

13990408630

སྤྱི་གཉེར་ལས་ཁུངས།

13909751296  13477364636

མགར་ཕྱོགས་མགྲོན་སྣེ་ལེན་ཁང་།

 0975.8313624

མགར་དོན་གྲུབ་བོད་ལུགས་སྨན་ཁང་།

13139155509


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/4/1 བལྟ་ཀློག (28880)