མེ་ཐབ་སོགས་ཀྱི་འཛེམ་བྱ།

ཁྱེད་ཀྱིས་རྒྱུན་ལྡན་འཚོ་བའི་ཁྲོད་ནས་འདི་དག་ལ་དོ་སྣང་བྱེད་ཀྱི་ཡོད་དམ།


རང་རེ་བོད་པ་རྣམ་པས་ནམ་རྒྱུན་དུ་ཐབ་ལ་ཞུ་དྲི་མི་ཤོར་བ་བྱ་རྒྱུར་དོ་སྣང་བ་ཆེན་པོ་བྱེད་སྲོལ་ཡོད་དེ།   དཔེར་ན་ཤ་དང་རུས་པ་མེར་བསྲེགས་ནས་ཞུ་དྲི་བཟོ་བ་དང་།   དུག་ཚལ་སོགས་ཞུ་དྲི་ཅན་གྱི་དངོས་པོ་མེར་བསྲེགས་ནས་དྲི་ངན་བཟོ་བའི་རིགས་ལ་འཛེམ་བྱ་ཆེན་པོ་བྱེད་པ་ལྟ་བུ་རེད།  གཞན་ཡང་ཐབ་ཀྱི་སྟེང་དུ་རྐང་བ་འཇོག་པ་དང་།  ཐབ་ལ་འགམ་ནས་འགྲོ་བ།  དཀར་ཡོལ་དང་བཀོལ་སྣོད་ཁ་སྦུབ་ཏུ་འཇོག་པ།  ཁྱིམ་གྱི་ནང་དུ་ཤུ་སྒྲ་རྒྱག་པ།  སླེལ་པོ་སྟོང་བ་འཁྱེར་ནས་ཁྱིམ་ཚང་གཞན་པའི་ནང་དུ་འགྲོ་བ་དང་མགྲོན་པོ་འགྲུལ་བཞུད་ཀྱི་སྔུན་དུ་སྣོད་སྟོང་འཁྱེར་བ་སོགས་ནི་གཏན་ནས་བྱེད་མི་རུང་བ་ཤ་སྟག་རེད།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/4/2 བལྟ་ཀློག (2525)