ཁ་ལུད་གང་སར་འཕེན་པའི་གནོད་སྐྱོན།

        ཁ་ལུད་ནི་འབྱིན་རྔུབ་མ་ལག་ཁྲོད་ཀྱི་གློ་ཡུ་དང་གློ་ཡུ་ཡན་ལག་གི་ནང་ངོས་ཀྱི་འབྱར་སྐྱི་ལས་ཟགས་པའི་འབྱར་ཁུ་དང་། དེ་མིན་འབྱར་ཁུའི་སྟེང་རིམ་གྱིས་བསགས་ཤིང་འབྱར་བའི་ཐལ་རྡུལ་དང་འབུ་ཕྲ་སོགས་ཀྱིས་གྲུབ་པ་ཡིན་པས་དེའི་གནདོ་སྐྱོན་གཙོ་བོ་སྟེ།  

 གཅིག

    ཁ་ལུད་ཀྱིས་ཁོར་ཡུག་བཙོག་པར་བཟོ་བ་མ་ཟད། མི་རྣམས་ཞེན་ཁ་ལོག་ཏུ་འཇུག་ཅིང་ཐ་ན་ཟས་ཀྱང་ཟ་འདོད་མེད་པར་བྱེད་པ།  

ཉིས། 

 ཁ་ལུད་ནང་དུ་ནད་འབུ་འདུས་ཡོད་པས།     ཕྱི་རོལ་ཏུ་བསྐམས་རྗེས་དེའི་ནང་གི་ནད་འབུ་རྡུལ་དང་མཉམ་དུ་མཁའ་དབུགས་སུ་འཕྱོ་བཞིན་ཡོད་ལ།   གལ་ཏེ་ང་ཚོས་དབུགས་གཏོང་ལེན་བྱེད་པ་དང་མཉམ་དུ་འབུ་ཕྲ་དེ་དག་རྔུབ་ཚེ་ནད་གཞི་སློང་སྲིད།  

གསུམ། 

        དབུགས་ལམ་རིམས་ནད་ཀྱི་ནད་གཞིའི་ཐོག་མའི་རྟེན་སྐྱེ་གནས་སའང་དབུགས་ལམ་གྱི་འབྱར་སྐྱི་དང་གློ་བ་ཡིན་ཞིང་།གཙོ་བོ་མཆིལ་ཟེགས་བར་སྣང་གི་མཁའ་དབུགས་ལས་ཁྱབ་འགྲེམ་བྱེད་པ་ཡིན་པས།    ས་སི་གློ་ཚད་ལྟ་བུའི་འགོས་ནད་རིགས་འབྱུང་སླ་བ།  

བཞི། 

       གལ་ཏེ་ཁ་ལུད་བྱུང་བ་ཕྱིར་མིད་ཚེ་རང་ནད་རང་ལ་འགོ་བའམ་ཡང་ན་ནད་གཞི་ཆགས་སུ་འཇུག་སྲིད་པ་ཡིན།    དེའི་ཕྱིར།    ང་ཚོས་གང་སར་ཁ་ལུད་མི་འཕེན་པ་དང་རང་ཉིད་ཀྱི་གཙང་སྦྲ་སོགས་ལ་མཉམ་འཇོག་དང་འཛེམ་དགོས་སོ།  །


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/4/6 བལྟ་ཀློག (2596)