༄༅།།དམངས་ཁྲོད་གཏམ་དཔེ།

གཏམ་དཔེ།

ཉིན་གྱི་ཁ་བ་བཞུ་ཡང་། །

སྲིབ་ཀྱི་བ་མོ་མི་བཞུ། །

ཉིན་མོའི་མི་དང་མཚན་མོའི་ཁྱི། །

ཉིན་མོ་རི་མགོ་ཐམས་ཅད་མིག །

མཚན་མོ་རྩིག་ཁུག་ཐམས་ཅད་རྣ། །

ཉེ་རིང་མེད་པའི་གཏམ་ཞིག་བཤད། །

ཆེ་ཆུང་མེད་པའི་སྐལ་ཞིག་བགོས། །

ཉེ་ས་ནས་ཚོང་མ་རྒྱག །

    རྒྱང་ས་ནས་གཏམ་མ་གཏོང་། །

ཉེས་ཅན་རྒྱ་ཡན་དུ་མ་སོང་བ་དང་། །

ཉེས་མེད་ཉེས་ཁུངས་སུ་མ་ཚུད་པ། །

ཉེས་པ་ཅན་ལ་ཆད་པ་དང་། །

བུག་པ་ཅན་ལ་ལྷན་པ། །

ཉོས་པའི་རྟ་ཕོ་བསུས་པའི་མནའ་མ། །

གཉན་འབུར་ལྟག་འཕྲོད་སྐྱེས་ན་མི་དེ་ཤི་བར་ཉེས། །

གཉིད་སྐྱིད་པ་དང་གཉིད་ལམ་འཇམ་པའི་ཐོག་ནས་ནམ་ལངས་ཐབས། །

གཉིད་མ་ལོག་པའི་རྨི་ལམ། །

    རྟ་མ་བརྒྱུགས་པའི་མགྱོགས་དར། །

གཉིད་མི་དགོས་གཉིད་ལམ་དུའང་གཏོང་སྲིད། །

གཉིད་སྐྱིད་པ་ལས་གཉིད་ལམ་འཇམ་པ་དགའ། །

གཉེན་དང་ཉེ་བ་ཤག་པོ་གསུམ། །

ཨེ་ཕན་བསམ་ནས་བཙལ་བ་ཡིན། །

གཉེན་དང་གྲོགས་པོ་མེད་ན། །

གཅེར་བུར་ལུས་པའི་ཤིང་སྡོང་འདྲ། །

གཉེན་ཚན་བཟང་ཡང་ལྟོ་དུས་གཅིག །

ཞིང་ཆུང་ངན་ཡང་རྒྱབ་འཁུར་གཅིག །

གཉེན་ཚན་ངན་ཡང་དགྲ་མགོ་ཐུབ། །

   མི་ངན་བཟང་ཡང་མཐའ་མཇུག་གནོད། །

གཉེན་འགོ་རྒྱལ་པོ་དང་། །

གཉེན་མཇུག་སྤྲང་པོ། །

གཉེན་ཉེ་བའི་ཕྱོགས་ལ་དར་ལས་འཇམ། །

དགྲ་སྡང་བའི་ཕྱོགས་ལ་ཚེར་ཤིང་འདྲ། །

གཉེན་ཉེ་བའི་ཟས་དེ་མང་མི་དགོས། །

  ཐག་ཆོད་པའི་གཏམ་དེ་མང་མི་དགོས། །

གཉེན་པོ་སྦྱར་བདེ། །

སྲབ་མོ་བྲེགས་བདེ། །

གཉེན་དང་ཉི་མ་རྒྱང་ནས་སྲོས། །

མེ་དང་ཨ་མ་འགྲམ་ལ་བསྟེན། །

གཉེན་ཟུར་དུ་ཕུད། །

དགྲ་པང་དུ་བླངས། །

གཉེར་དུ་བསྐོས་ན་བདག་པོའི་ཚུལ། །

བརྙས་འདོད་མེད་པའི་བརྐོ་འདོད། །

བྲག་ལ་ཤུག་པ་སྐྱེ་འདོད། །

བརྙས་མུ་གེར་བཏགས། །

  སྣམ་བུ་ཕམ་ཚོང་བརྒྱབས། །

སྙིང་རྗེ་རྒས་ནས་ཞེ་སྡང་། །

སྙིང་སྡུག་སྙིང་གི་ཚི་ལུ། །

མཐའ་མ་སྙིང་གི་ཆུ་རེད། །

སྙིང་གཏམ་བུ་ལ་བཤད། །

དགྲ་བོའི་རྣ་བར་སླེབས། །

སྙིང་མེད་གྲི་རིང་ཕྲེད་གཟེར་དེ། །

འགྲམ་ལྕགས་རིན་གྱིས་ཉོས་ལེ་རེད། །

སྙིང་རྗེ་པོ་སྲན་མའི་མེ་ཏོག །

བཟས་ཚར་ན་གྲོད་ཁོག་སྦོས་མཁན། །

སྙིང་རྗེ་ཡུན་རིང་ན། །

ཁོང་ཁྲོ་རྒྱུན་མི་ཆད། །

སྙིང་གཏམ་མ་བཤད་ན། །

གྲོས་འགོ་མི་ཐོན། །

སྙིང་གཏམ་ཟབ་མོ་གྲོགས་ལ་ཡང་མ་ཤོད། །

ནོར་མཚང་ཅན་སུ་ལ་ཡང་མ་སྟོན།


རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/4/6 བལྟ་ཀློག (5052)