མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་རྒྱལ་ཁབ་ཀྱི་AAAརིམ་པའི་མཛེས་ལྗོངས་ཁུལ་དུ་ཚུད་པ།


  བྲག་དཀར་སྤྲེལ་རྫོང་།


       ཉེ་ལམ།  མདོ་སྨད་རྫོང་ཆེན་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་མཛེས་ལྗོངས་ཁུལ་དེ་མཚོ་སྔོན་ཞིང་ཆེན་གནས་སྐོར་ལྟེ་གནས་སྤུས་ཚད་ཨང་རིམ་དཔྱད་འབེབས་ཨུ་ཡོན་ལྷན་ཚོགས་ཀྱིས་རྒྱལ་ཁབ་ཀྱི་AAAརིམ་པར་བདམས།

       དེ་ཡང་བྲག་དཀར་སྤྲེལ་རྫོང་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོར་འདེགས་དང་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ལས་ཆེར་བསྐྱེད་པར།    བྲག་དཀར་རྫོང་གིས་སྤྲེལ་རྫོངAAAརིམ་པའི་མཛེས་ལྗོངས་ཁུལ་དུ་ཚུད་པའི་གོ་སྐབས་དམ་འཛིན་བྱས་ཏེ།    མ་དངུལ་སྒོར་འབུམ༡༢བཏང་སྟེ་ཡུལ་སྐོར་གསལ་སྟོན་མ་ལག་འཐུས་ཚང་དང་།   ཡུལ་སྐོར་ལྗང་བསྒྱུར་ས་རྒྱ་ཆེ་རུ་བསྐྱེད་པ།    གནས་རི་སྐོར་ལམ་བསྐྱར་སྐྲུན་བྱེད་པ་བཅས་བྱས་ཏེ་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་ཇེ་ལེགས་སོང་མངོན་གསལ་ཡིན་ལ།   ཡུལ་སྐོར་སྒྲིག་ཆས་འཐུས་ཚང་དང་ཡུལ་སྐོར་དོ་དམ་ཚད་དང་ལྡན་པ་བྱས་པ་མ་ཟད།  ཡུལ་སྐོར་སྣེ་ལེན་གྱི་ཞབས་ཞུའི་ཆུ་ཚད་བསྟུད་མར་མཐོར་འདེགས་བྱུང་བ་དང་།   ལྗོངས་རྒྱུ་དང་ཡུལ་སྐོར།   ཆོས་ལུགས་ཆོ་ག་བཅས་གཙོར་བཟུང་བའི་སྐྱེ་ཁམས་དང་ཆོས་ལུགས་རིག་གནས་ཀྱི་གནས་ སྐོར་མཛེས་ལྗོངས་ཁུལ་གསར་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

       སྔོན་དཔག་བྱས་པ་ལྟར་ན།    ༢༠༡༥ལོར།    སྤྲེལ་རྫོངAAAརིམ་པའི་མཛེས་ལྗོངས་ཁུལ་གྱིས་ས་གནས་ཀྱི་དད་ལྡན་མང་ཚོགས་མི་ཐེངས་ཁྲི༣.༥དང་ཕྱིའི་མགྲོན་པོ་མི་ཐེངས་ཁྲི༤.༥སྣེ་ལེན་བྱེད་འཆར་ཡོད་པ་དང་།    ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི༡༠༧༥མངོན་འགྱུར་བྱ་རྩིས་ཡོད་དོ།   །

རྩོམ་སྒྲིག་པ།  ངེད་དྲ་བ།  སྤེལ་དུས། 2013/4/9 བལྟ་ཀློག (3316)