ཨོ་པ་མས་རང་འགུལ་ངང་གཏོང་སྒོ་ཉུང་དུ་གཏོང་རྒྱུའི་འཆར་གཞིར་དང་ལེན་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲུང་པུའུ་ཀྲང་ཧ་ཀེར་གྱིས་གླ་ཕོག་ཁག་ཅིག་ནོར་སྲིད་པུའུ་ལ་ཕྱིར་སློག་བྱ་རྒྱུའི་ཁྱབ་བསྒྲགས་གནང་རྗེས། ཨ་རིའི་ཙུང་ཐུང་ཨོ་པ་མས་ས་གནས་དེ་གའི་དུས་ཚོད་ཀྱི་སྤྱི་ཟླ4པའི་ཚེས3ཉིན་རང་ཉིད་ཀྱི་གླ་ཕོག་ནང་ནས་བརྒྱ་ཆ་ལྔ་རྒྱལ་ཁབ་ཀྱི་བང་མཛོད་ནང་ཕྱིར་སློག་བྱ་རྒྱུའི་ཁྱབ་བསྒྲགས་གནང་ཡོད་པ་རེད། ཨ་རིའི་སྲིད་གཞུང་གིས་རང་འགུལ་ངང་གཏོང་སྒོ་ཉུང་དུ་གཏོང་བའི་སྒྲིག་གཞི་དེ་སྤྱི་ཟླ3པའི་ཚེས1ཉིན་དངོས་སུ་ལག་བསྟར་བྱས་ཡོད་པ་དང་། སྲིད་གཞུང་གི་གཏོང་སྒོ་ཉུང་དུ་ཤུགས་ཆེན་གཏོང་ཆེད། རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་ཀྱིས་གཤམ་འོག་གི་ལས་དོན་མི་སྣ་ཁག་ཅིག་ལ་བཙན་དབང་གིས་གླ་ཕོག་མེད་པའི་གུང་གསེང་གཏོང་དགོས་པའི་བརྡ་ཐོ་གཏོང་འགོ་ཚུགས་ཡོད་པ་རེད། རང་འགུལ་ངང་གཏོང་སྒོ་ཉུང་དུ་གཏོང་བའི་འཆར་གཞིར་གཞིགས་ན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ད་ལོའི་ཟླ་བ9པའི་ཟླ་མཇུག་ཏུ་མཇུག་སྒྲིལ་རྒྱུའི་སྤྱི་ལོ2013ལོའི་ནོར་སྲིད་ལོ་འཁོར་མོར་ཨ་སྒོར་དུང་ཕྱུར850ཡི་གཏོང་སྒོ་ཉུང་དུ་གཏོང་རྒྱུ་ཡིན་པ་རེད། 


རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ།  སྤེལ་དུས། 2013/5/8 བལྟ་ཀློག (2169)