བོད་ཀྱི་དམངས་ཕན་བྱེད་ཐབས་ཆེན་པོ་བཅུའི་གོ་བདེའི་དཔེ་དེབ་པར་བསྐྲུན་བྱས་པ།

 

བོད་ལྗོངས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་པའི་ཚུན་ལ། ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཟུང་སྟེ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཕན་པ་གང་ན་ཡོད་པ་དང་ཕན་པ་གང་ནས་བྱུང་བ་ཤེས་རྟོགས་ཐུབ་ཆེད། ལྗོངས་ཏང་ཨུའི་དྲིལ་བསྒྲགས་པུའི་སྒྲིག་འཛུགས་ཀྱིས་རྩོམ་འབྲི་བྱས་པའི་བོད་ཀྱི་དམངས་ཕན་བྱ་ཐབས་ཆེན་པོ་བཅུའི་གོ་བདེའི་དཔེ་དེབ་ཉེ་ལམ་པར་བསྐྲུན་བྱས་པ་རེད།

ཤེས་གསལ་ལྟར་ན། དཔེ་དེབ་དེ་བརྟག་ཞིབ་བྱས་པའི་རྨང་གཞིའི་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་འཛུགས་བསྐྲུན་དང་། བརྒྱད་འཛོམས་ཞིང་དུད་ལས་གཞི། ཟོག་གོང་བརྟན་པོ་དང་ཚོད་འཛིན། ལས་ཞུགས་སྲིད་ཇུས་སོགས་ཕྱོགས་བཅུའི་གནད་དོན་ལ་ལྟ་སྟངས་ཇི་ལྟར་འཛིན་ཚུལ་ཐད་ནུས་པ་དང་བརྒྱུད་རིམ་ལྡན་པ། གོ་བདེ་བ་བཅས་ཀྱི་སྒོ་ནས་གསལ་བཤད་བྱས་ཡོད་པ་རེད། དཔེ་དེབ་དེ་རང་ལྗོངས་ལས་བྱེད་མང་ཚོགས་ཀྱི་བསམ་བློའི་དོན་དངོས་དང་དངོས་ཡོད་དགོས་མཁོར་ཟུང་འབྲེལ་དམ་པོ་བྱས་ཏེ། གོ་བདེ་བའི་ངང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་ཡོད། དེར་གནས་ལུགས་ཁུངས་བཙན་པ་དང་བརྗོད་དོན་ཁ་གསལ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། རྒྱ་ཆེའི་ལས་བྱེད་མང་ཚོགས་དང་ན་གཞོན་སློབ་མ་ཚོའི་རིགས་གཞུང་སློབ་སྦྱོང་བྱེད་པ་དང་དུས་བབ་སྲིད་ཇུས་སློབ་གསོའི་ཀློག་དེབ་གལ་ཆེན་ཞིག་རེད། དཔེ་དེབ་དེ་ནི་ལྗོངས་ཏང་ཨུའི་དྲིལ་བསྒྲགས་པུའི་རྩོམ་འབྲི་བྱས་པའི་རང་ལྗོངས་ཀྱི་གོ་བདེའི་རིག་གཞུང་ཀློག་དེབ་ཞིག་ཡིན་པ་དང་། དེས་རང་ལྗོངས་ཀྱི་རིག་གཞུང་ཐོག་ནས་བསམ་བློར་དྲག་ཆས་སྤྲོ་པའི་ལས་དོན་གསར་གཏོད་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ།།

ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/5/25 བལྟ་ཀློག (2105)