༄༅། །སྐྱོ་གདུང་གི་སྨྲེ་སྔགས།

                                                                                 རྫ་ཕྲུག་སྐལ་བཟང༌།ཞལ་ཤུལ

མཁས་པའི་ཡོན་ཏན་གཞུང་བརྒྱའི་དགོངས་པ་འཁྲོལ།།

བཙུན་པའི་ཡོན་ཏན་བསླབ་ཁྲིམས་མངོན་ལྐོག་བྲལ།།

བཟང་བོའི་ཡོན་ཏན་འགྲོ་བའི་ཆེད་དུ་སྤྱོད།།

ཟླ་མེད་བླ་མ་དམ་པས་ཡུན་དུ་སྐྱོང༌།།

བློ་བཟང་རྒྱལ་བའི་བསྟན་པ་འཛིན་པ་ལ།།

ཚུལ་ཁྲིམས་རྣམ་པར་དག་པའི་བུ་སློབ་སྤེལ།།

སྙིགས་དུས་འགྲོ་བ་འདྲེན་པའི་མགོན་པོ་ཁྱོད།།

གློ་བུར་ཞིང་གཞན་གཤེགས་པ་ཅི་ཞིག་ཕན།།

མགོན་ཁྱོད་ཞིང་གཞན་ཕེབས་པའི་ཉིན་མོ་ནས།།

ཡུན་རིང་བསྐྱངས་པའི་སྡེ་འདི་མགོན་མེད་གྱུར།།

དྲན་གདུང་སེམས་ཀྱི་སྡུག་གི་ཁུར་བོ་འདི།།

དད་ལྡན་གདུལ་བྱ་རྒྱ་མཚོས་བཟོད་པར་དཀའ།།

ཉམས་རྟོགས་དབང་ཕྱུག་མི་ལ་གཉིས་པ་ཁྱོད།།

                                     ༢༠༡༠ལོའི་རིག་གནས་ཡར་སྤེལ་ལས་བཤུས། 


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/5/28 བལྟ་ཀློག (1785)