བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་རྒྱལ་ཡོངས་རང་བཞིན་གྱི་རྩོམ་རིག་ཞིབ་བསྡུར་གྲོས་ཚོགས་ཐོག་མ་བསྡུས་པ།

       ཉེ་ལམ།དུས་ཡུན་ཉིན་གཉིས་ཡིན་པའི་དུས་རབས་གསར་བའི་རྩོམ་རིག་ཞིབ་འཇུག་གི་མཐོང་ལམ་གསར་བ་དང་གནད་དོན་གསར་བ།བྱེད་ཐབས་གསར་བའི་རྒྱལ་ཡོངས་རིག་གཞུང་ཞིབ་བསྡུར་གྲོས་ཚོགས་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་ཚོགས་བསྡུས།རྒྱུས་ལོན་བྱུང་བ་ལྟར་ན།འདི་ནི་བོད་ལྗོངས་སློབ་གྲྭ་ཆེན་མོས་བསྡུས་པའི་རྒྱལ་ཡོངས་རང་བཞིན་གྱི་རྩོམ་རིག་ཞིབ་འཇུག་ཚོགས་འདུ་ཐོག་མ་རེད།

      ཐེངས་འདིའི་ཞིབ་བསྡུར་གྲོས་ཚོགས་དེ་ཀྲུང་གོའི་ཀྲུང་ཕྱི་རིག་རྩལ་རིགས་གཞུང་ཚོགས་པ་དང་བོད་ལྗོངས་སློབ་གྲྭ་ཆེན་མོ་སོགས་ལས་ཁུངས་ཀྱིས་མཉམ་འབྲེལ་བྱས་ནས་གཙོ་སྒྲུབ་བྱས་པ་དང་།དེར་བསྡོམས་པའི་རྩོམ་རིག་རིགས་གཞུང་དང་།སྐྱེ་ཁམས་རྩོམ་རིགབོད་ལྗོངས་རྩོམ་རིགརིག་གནས་ཞིབ་འཇུག་དང་དེང་རབས་རྩོམ་རིག་སོགས་ཞིབ་འཇུག་གྲོས་བསྡུར་ཚོགས་འདུ་ལྔ་བཀོད་སྒྲིག་བྱས་ཡོད་པ་དང་།ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་གོའི་ཀྲུང་ཕྱི་རིག་རྩལ་རིགས་གཞུང་ཚོགས་པ།རྩོམ་རིག་དཔྱད་བརྗོད་རྩོམ་སྒྲིག་པུའུ།པེ་ཅིན་སློབ་གྲྭ་ཆེན་མོ།པེ་ཅིན་དགེ་ཐོན་སློབ་ཆེན།བོད་ལྗོངས་སློབ་ཆེན་སོགས་ལས་ཁུངས་ནས་ཐོན་པའི་ཆེད་མཁས་པ་དང་རིག་གནས་པ་ཁག་ཅིག་ཞིབ་འཇུག་གྲོས་བསྡུར་ཚོགས་འདུར་ཞུགས།ཤེས་གསལ་ལྟར་ན།ཐེངས་འདིའི་ཞིབ་བསྡུར་ཚོགས་འདུའི་ཁྲོད་ཀྲུང་གོའི་ཀྲུང་ཕྱིའི་རིག་རྩལ་རིགས་གཞུང་ཚོགས་པ་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་། པེ་ཅིན་སློབ་ཆེན་དང་བོད་ལྗོངས་སློབ་ཆེན་སོགས་ལས་ཁུངས་ཀྱི་རིག་གཞུང་དཔྱད་རྩོམ་ལྔ་བཅུ་ལྷག་འབྱོར།

ཆེད་མཁས་པ་དང་རིག་གནས་པ་ཚོས་མཐའ་གཅིག་ཏུ་ཐེངས་འདིའི་ཞིབ་བསྡུར་ཚོགས་འདུས་ནང་ལོགས་རིག་གཞུང་གི་དགེ་མཚན་དང་བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་ཁྱད་ཆོས་ཕན་ཚུན་ཟུང་འབྲེལ་བྱས་པའི་ཁྱད་ཆོས་མངོན་ཡོད་པ་མ་ཟད།རྩོམ་རིག་རིགས་གཞུང་དང་སྐྱེ་ཁམས་རྩོམ་རིགབོད་ལྗོངས་རྩོམ་རིག་སོགས་ཀྱི་ཁྱབ་ཁོངས་ནས་ཆུ་ཚད་མཐོ་བའི་རིག་གཞུང་བརྗེ་རེས་བྱས་པ་དེས།བོད་ལྗོངས་སློབ་ཆེན་གྱི་རྩོམ་རིག་ཞིབ་འཇུག་དང་ཕྱི་རོལ་གྱི་བརྗེ་ཆེས་ཐད་ལ་ནུས་པ་གལ་ཆེན་ཐོན་ཡོད་སྙམ།

                                                མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས་བཤུས། 


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/5/28 བལྟ་ཀློག (4402)