ང་ཡི་ཤར་རླུང་། ༼ཁག་གཉིས་པ།༽

                                                                                   ཞགས་ཐག     ཆིན་ཏོ

ང་ཡི་རྨི་ལམ་ནི་ད་ལྟ་ནས་མགོ་རྩོམ་ཆོག

ཁྱོད་ཀྱིས་ང་ལ་བསིལ་རླུང་སྟེར་བྱུང

ཚོར་བ་སྟེར་བྱུངམི་ཚེ་སྟེར་བྱུང

བྲོ་བ་འདིའི་ང་རང་རྒྱང་ལ་བསྐྱོད་པར་ཕྱིར་འདང་ཅི་ཡོད

 

ན་ནིང་སོང་མྱོང་བའི་རྐང་རྗེས་དག

ད་སྐབས་ཁ་བས་བཀང་ཡོད

མེ་ཏོག་གིས་བཀང་ཡོད

འདང་བརྒྱབ་ན་འདས་སོང་བ་དག་ལ

ལེ་བདའ་བྱེད་དགོས་དོན་ཡེ་ནས་མི་འདུག

 

ཆུང་དུས་རྨིས་མྱོང་བའི་ལྷ་མོའི་བླ་མཚོ

ལྷ་དང་ལྷ་མོའི་བཀང་ཡོད

ད་སྐབས་འབྲི་བཞིན་པའི་ལྷ་མོའི་བླ་མཚོ

ང་ཡི་ཚོར་བ་དང་མ་འོངས་བར་འདྲེས་ཡོད

 

ང་ནི་འདི་ནས་ཡར་ལ་ལངས་སྟེ

མ་འོངས་བ་འདོམས་ལ་འཇལ་མཁན་མིན

ཆང་ཕོར་འདིའི་ཁ་དང་རྐུབ་ལ་བལྟས་ནས

ངའི་མུ་མཐུད་དུ་རྨི་ལམ་གསར་བ་ཞིག་རྨི་ངེས


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/5/30 བལྟ་ཀློག (1646)