༄༅།།དྲན་སྐུལ་མིག་ཆུའི་ཐིགས་པ།

                                                         རྨ་སྲིབ་སྨྱུག་གཞོན། ཞལ་ཤུལ

ཐུབ་བསྟན་གསེར་གྱི་ལྷུན་པོ།།

ནམ་ཀུན་ཐུགས་ན་འགྱིང་བའི།།

རིས་མེད་འགྲོ་བའི་སྐྱབས་མཆོག།

འབྲལ་མེད་གཙུག་ཏུ་མཆོད་དོ།།

ཁམས་གསུམ་འགྲོ་བའི་ལམ་སྟོན།།

ཡང་དར་བསྟན་པའི་སྲོག་ཤིང༌།།

ཀུན་སྤངས་རྣལ་འབྱོར་དབང་བོ།།

རྗེ་བཙུན་བློ་བཟང་ཚུལ་ཁྲིམས།།

དམར་སེར་རང་མདངས་རྫོགས་པའི།།

ཁྲིམས་ལྡན་ངུར་སྨྲིག་འཆང་མཁས།།

ཞིང་ཁམས་གཞན་དུ་ཕེབས་ན།།

ང་ཚོའི་སྐྱབས་ཡུལ་སུ་བྱེད།།

དུས་སྙིགས་མུན་པའི་ཀློང་གི།

བརྩེ་ཆེན་དུང་ཟླ་དཀར་བོ།།

སྨག་རིམ་ཁྲོད་ན་འཁྱམས་པའི།།

བུ་ངས་ཁྱེད་ཞལ་དྲན་བྱུང༌།།

ཐུགས་རྗེ་སྤྲིན་སྔོན་ཀློང་ནས།།

ཞལ་གདམས་བདུད་རྩིའི་གྲུ་ཆར།།

གསུམ་ལྡན་སློབ་བུའི་ཞིང་སར།།

འཛད་མེད་འཇོ་བ་དྲན་བྱུང༌།།

ཟང་ཟིང་འཁོར་བའི་རང་གཤིས།།

མཐའ་མེད་མངོན་པར་གཟིགས་ནས།།

དབེན་གནས་བྲག་སྐྱིབས་བརྟེན་པའི།།

བྱ་བཏང་མཛད་རྣམ་ལོས་དྲན།།

སྐྱོ་གདུངས་ཟུག་རྔུའི་དབྱངས་རྟ།།

མགྲིན་པའི་སྦུབས་སུ་ལུས་ནས།།

དབུགས་རིང་འཁུན་སྒྲའི་ངུ་ངག།

མིག་ཆུའི་ནང་དུ་ཐིམ་སོང༌།།

༢༠༡༠ལོའི་ཟླ༩ཚེས༡༥ཉིན་ནང་བསྟན་སློབ་གྲྭ་ནས།

                                                                            ༢༠༡༠ལོའི་རིག་གནས་ཡར་སྤེལ་ལས།


རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག  སྤེལ་དུས། 2013/6/1 བལྟ་ཀློག (1739)