གླིང་བུ། ༼ རྨ་ཆུ། ༽
སྣང་བ་མུན་ནག་གི་ངོས་ལ། །
དྲན་པ་ཕྱོགས་ཅན་ཞིག་རྒྱུ་བས། །
འཕྲད་ན་གློ་བ་འང་འགས་པའི། །
གཞས་འདིས་སེམས་སོང་ཞིག་བཤད་འདུག །
རི་བོ་སྣང་བ་འདིས་བརྡར་ཞིང་། །
གཙང་བོ་རྟོགས་པ་འདིས་སྐེམ་པའི། །
ཕྱི་གསལ་ནང་གསལ་གྱི་ལམ་འདི། །
ནམ་འཁའ་དོག་ས་དེར་འཐེན་ཡོད། །
ཁ་བ་ནག་པོ་ཡི་ལོ་ཟླ། །
ལས་ཀྱི་དམུ་ཐག་ལྟར་བསྐྱངས་པས། །
མི་ཚེའི་མེ་ལོང་གི་ཁ་ངོ་། །
བྱེ་མའི་རྦ་རླབས་ཀྱིས་ཁུར་སོང་། །
ལོ་མ་རྐང་གཅིག་གི་ཚེ་སྲོག །
རྒྱ་མཚོའི་མུ་ཏིག་གིས་བསྲུང་ཡོད། །
རྨི་ལམ་རོལ་དབྱངས་ཀྱིས་བཟི་ཉིན། །
ལས་འདིར་ཁ་ཏོག་ཅིག་འཐེན་འདོད། །
སྤེལ་དུས: 2013/12/22 |