草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 7 ཚེས 19 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།»རྩོམ་རིག»སྙན་རྩོམ།
འདིར་ཟུར་བྱང་མེད།

སྙན་རྩོམ།


དྲིན་ཆེན་འདི་གསུམ་འཛོམས་པའི་ཕ་ཡུལ་སྐྱིད
དྲིན་ཆེན་འདི་གསུམ་འཛོམས་པའི་ཕ་ཡུལ་སྐྱིད།
སྤེལ་དུས: 2013/11/20
ཨ་མ་དྲན་པ།




རྒྱ་གྲོལ།



བརྩེ་བ་འོ་མཚོར་འཕྱུར་བའི་རྗེ་བཙུན་མ།

མ་ལྟར་སྙན་པའི་གསུང་གི་དབུང་འབྱུང་མ།

མདག་སྲིད་ལས་འདྲེན་པའི་ཏཱ་རེ་མ།

མ་རྣམས་སྐྱོབས་ཤིག་རིག་སྔགས་འཕུལ་ལྡན་མ།



མ་ལུས་ཞིང་དུ་འཁྱམ་པའི་སྡུག་གཟན་མ།

མ་དག་གནས་སུ་འཁོར་པའི་ལས་ངན་མ།

མ་བྱང་ལས་ཉོན་ར་བའི་གཞན་དབང་མ།

མ་གཅིག་བུ་ཚ་གསོ་བའི་དྲིན་ཆེན་མ།



མ་ལྷག་བརྩེ་བས་སྐྱོང་པའི་བྱམས་ལྡན་མ།

མ་ལུས་བུ་ཚ་བསམ་པའི་ལྷག་བསམ་མ།

མ་བཅོས་དུང་སྣང་འགྲེམ་པའི་འཛུམ་ལྡན་མ།

མ་བསླངས་སྙན་པའི་ངག་གི་གསུང་འབྱོན་མ།



དང་པོ་ཟླ་བཅུར་འཁུར་པའི་ལུས་ལྕི་མ།

བར་དུ་ཟས་གོས་སྐྱོང་པའི་ནོར་སྦྱིན་མ།

ཐ་མར་ཡོད་ཚད་སྟེར་བའི་ཐུགས་ཡངས་མ།

འདི་ཕྱིའི་བྱ་བཞག་ཀུན་གྱི་ལམ་སྟོན་མ།



བུ་ཚ་སྐྱིད་ན་ཡོད་ཚད་ནུས་ལྡན་མ།

བུ་ཚར་དགེ་ན་ཡོད་ཚད་གཏོང་ཕོད་མ།

བུ་ཚར་བཟང་ན་ཡོད་ཚད་བྱེད་མཁན་མ།

བུ་ཚར་ཕན་ན་རང་སྡུག་ལེན་ནུས་མ།



བུ་ཚར་ཉེས་ན་རང་གི་སྙིང་འགས་མ།

བུ་ཚར་སྡུག་ན་ང་གཅོང་ཞུགས་མ།

བུ་ཚར་ངན་ཆོ་ངེ་ཆད་མེད་མ།

བུ་ཚ་རྒུ་ན་སེམས་འཁྲུགས་སྨྱོན་པ་མ།



བུ་ཚ་སྤྲོ་ན་རང་གི་བཞིན་འཛུམ་མ།

བུ་ཚ་སྐྱིད་ན་སྙན་པའི་གླུ་ལེམ་མ།

བུ་ཚ་འབྱོར་ན་གཞན་ལས་ལབ་རྐྱལ་མ།

བུ་ཚ་དཔའ་ན་གཞན་ལས་བརྟུལ་ཕོད་མ།



བུ་ཚེའི་སྡུག་སྣང་ལེན་པའི་ཀུན་བཟོད་མ།

བུ་ཚར་སྐྱིད་ཀུན་སྟེར་པའི་མཆོག་སྦྱིན་མ།

བུ་ཚར་བླང་དོར་སྟོན་པའི་ལམ་མཁན་མ།

བུ་ཚར་ཕུགས་འདུན་སྦྱིན་པའི་བརྩེ་ལྡན་མ།



བུ་ཚ་ཕྱུག་ན་སྙན་པའི་སྟོང་བསམ་མ།

བུ་ཚ་མཁས་ན་སྙན་པའི་འཁུལ་སྣང་མ།

བུ་ཚ་བདེ་ན་སྙན་པའི་འདོད་ཅན་མ།

བུ་ཚ་དཔའ་ན་སྙན་པའི་མགོ་འཁོར་མ།



བུ་ཚ་ལུས་ཟུངས་འོ་མས་གསོ་མཁན་མ།

བུ་ཚར་ཟང་ཟིང་ནོར་ཝང་གསོག་མཁས་མ།

བུ་ཚེའི་དོན་མ་ཎི་འདྲེན་མཁན་མ།

བུ་ཚ་བདེ་བར་སྨོན་ལམ་ཆད་མེད་མ།



བུ་ཚ་དྲན་ན་ཟས་ཀྱང་མི་ཟ་མ།

བུ་ཚ་གྲངན་གོས་ཀྱང་མི་གོན་མ།

བུ་ཚར་བྲལ་ན་སེམས་ཀྱང་སྟོང་སྟོང་མ།

བུ་ཚ་སྐྱོ་ན་མིག་ཆུ་བཞུར་མཁན་མ།



བུ་ཚ་ན་བ་རང་འབྱུང་བཟང་སྙམ་མ།

རང་གི་བདེ་བ་བུ་ལ་བརྗེ་འདོད་མ།

རང་གཞན་ཀུན་ལས་བུ་ཚ་ལྷག་འདུན་མ།

མ་ཡི་སྲོག་ཀྱང་བུའི་སྟེང་ཡོད་བསམ་མ།



འཇིག་རྟེན་འདི་ན་བུ་ལས་མེད་སྙམ་མ།

རང་ཉིད་འཆི་ཡང་ཆོག་བསམ་མ།

བུ་འཚོར་རང་ཉིད་འཆི་ཡང་ཆོག་བསམ་མ།

མནའ་མས་མནའ་ཡང་བུ་ལ་ཞེ་གདུང་མ།



ཨ་མའི་བརྩེ་བ་འཇིག་རྟེན་འདི་ལ་ཁྱབ།

འཇིག་རྟེན་འདི་ན་མ་ལས་མཆོག་ཏུ་སྐུ།

སུ་དང་གང་གིས་འགྲན་བྲལ་ཨ་མའི་སེམས།

སེམས་ལྡན་ཀུན་གྱིས་ཟླ་བྲལ་ཨ་མ་རང།



ཨ་མ་ཡོད་ན་གཅེས་ཕྲུག་གཅེས་ཕྲུག་དང།

ཨ་མ་མེད་ན་གཅེས་ཕྲུག་ཁྱི་ཕྲུག་འདྲ།

ཨ་མའི་འཛུམ་མདངས་མེད་ན་སྐྱིད་མི་མཐོང།

ཨ་མའི་སྐུ་དང་བྲལ་ན་རྒྱབ་མི་དྲོ།





སྤེལ་དུས: 2013/11/19
སྒོར་མོ་དང་མི།
སྒོར་མོ་དང་མི།
སྤེལ་དུས: 2013/11/19
རེ་བསྐུལ་ཕྱེ་མ་ལེབ་ཀྱི་གཤོག་རླབས
རེ་བསྐུལ་ཕྱེ་མ་ལེབ་ཀྱི་གཤོག་རླབས
སྤེལ་དུས: 2013/11/19
ཨ་ཁུ་པདྨའི་གླུ་མཛོད། བཞི།
 ཨ་ཁུ་པདྨའི་གླུ་མཛོད། བཞི།
སྤེལ་དུས: 2013/11/19
འབྲོག་མོ་སྒྲོལ་མ།
 འབྲོག་མོ་སྒྲོལ་མ།
སྤེལ་དུས: 2013/11/17
ཨ་ཁུ་པདྨའི་གླུ་མཛོད།
ཨ་ཁུ་པདྨའི་གླུ་མཛོད། ཁག་དང་བོ།
སྤེལ་དུས: 2013/11/17
ང་ནི་སྐྱོ་ཞིང་སྨྲེང་ཚུལ་འདི་འདྲ་ཡིན།
 

ང་ནི་སྐྱོ་ཞིང་སྨྲེང་ཚུལ་འདི་འདྲ་ཡིན།

སྤེལ་དུས: 2013/11/14
སེམས་ངལ་ལྷག་མ།
 སེམས་ངལ་ལྷག་མ།
སྤེལ་དུས: 2013/11/14
བདག་གི་རྒྱན།
བདག་གི་རྒྱན།
སྤེལ་དུས: 2013/11/13

            འདིར་བརྩམས་ཆོས ( 526 )ཡོད།               པར་ངོས་ཐོག་མ།  གོང་མ།  པར་ངོས 40/53 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
49484797
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1