草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 3 ཚེས 28 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།»གཙོ་ངོས།»འཕྲོད་བསྟེན། འཛེམ་བྱ།
འདིར་ཟུར་བྱང་མེད།

འཕྲོད་བསྟེན། འཛེམ་བྱ།


ཨེ་ཛིའི་ནད་ཡམས་ལ་སྔོན་འགོག་ནན་མོ་བྱ་དགོས།
༄༅། །དང་པོ་ཨེ་ཛིའི་ནད་ཡམས་ཀྱི་ལོ་རྒྱུས་ནི། ཨེ་ཛིའི་ནད་ཡམས་ཞེས་པ་འདི་ནི་ཆེས་ཤིན་ཏུ་འཇིགས་སུ་རུང་བའི་འགོ་ནད་ཚབས་ཆེན་ཞིག་ཡིན་ཏེ། ཐོག་མར་ཨ་ཧྥེ་རི་ཀ་ནས་བྱུང་ཞིང་ད་ལྟའང་འཛམ་གླིང་གི་ཡུལ་གྲུ་ཐམས་ཅད་ལ་ཁྱབ་ཡོད། སྤྱི་ལོ་༡༩༨༡ལོར་མི་རྣམས་ཀྱིས་ནད་འདི་གསར་དུ་ངོ་ཤེས་པར་གྱུར། དེ་ནས་བཟུང་ད་ལྟའི་བར་ལོ་༣༠ཙམ་གྱི་རིང་ལ་འཛམ་གླིང་གི་མི་བྱེ་བ་དྲུག་ལ་ནད་འདི་འགོས། དེ་ལས་མི་བྱེ་བ་གསུམ་ལ་ཉེ་བ་ཙམ་གྱི་སྲོག་ཤོར། འོན་ཀྱང་ད་དུང་བཅོས་ཐབས་རྩ་བ་ནས་རྙེད་མེད། དེས་ན་འདི་སྔོན་འགོག་བྱ་བ་ནི་མི་རིགས་སམ་མི་སྒེར་སུ་ཡིན་རུང་ཆེས་ཤིན་ཏུ་གལ་ཆེ་བའི་བྱ་བ་ཞིག་ཡིན་པས་བོད་གངས་ཅན་གྱི་སྐྱེ་བོ་ཡོངས་ཀྱིས་འབད་བརྩོན་བྱ་དགོས་སོ། ། གཉིས་པ་ནད་འགོ་ཚུལ་ཤེས་བར་བྱ་བ་ནི། ཐོག་མར་ནད་འདི་ཇི་ལྟར་འགོ་བའི་ཚུལ་ཤེས་དགོས་ཏེ། དེ་ཤེས་ན་སྔོན་འགོག་གི་བྱ་བ་བསྒྲུབ་སླ་བའི་ཕྱིར་རོ། །དེས་ན་ད་ལྟ་ཡོངས་སུ་ཤེས་པ་ལྟར་ན། ནད་འདི་འགོ་བའི་བརྒྱུད་ལམ་ཆེན་པོ་གསུམ་ཡོད་དེ། དང་པོ། ཕོ་མོ་ལུས་འབྲེལ་བྱས་པ་ལ་བརྟེན་ནས་འགོ་བ་དང་། གཉིས་པ། ཁྲག་ལ་བརྟེན་ནས་འགོ་བ་དང་། གསུམ་པ། མའི་མངལ་ལམ་དང་ནུ་འོ་ལ་བརྟེན་ནས་འགོ་བའོ། ། དང་པོ་ལུས་འབྲེལ་ལས་འགོ་བ་ནི། ལུས་འབྲེལ་བྱེད་པའི་ཚེ་ཕོ་མོ་གང་རུང་ཞིག་ཨེ་ཛིའི་ནད་དུག་ཅན་ཡིན་ན། དེས་ཅིག་ཤོས་ལ་བགོས་ནས་ནད་དུག་ཅན་དུ་འགྱུར་ཞིང་། དེས་ཀྱང་གཞན་ལ་བགོས་ནས་མཐར་མི་རབས་མང་པོ་ལ་མཆེད་པར་འགྱུར་ཏེ། ཨེ་ཛིའི་ནད་དུག་བརྒྱ་ཆ་༨༠ཙམ་ཞིག་ཚུལ་འདིའི་སྒོ་ནས་འགོས་པ་ཡིན་པས་ཉེན་ཁ་ཤིན་ཏུ་ཆེའོ། ། གཉིས་པ་ཁྲག་ལས་འགོ་བ་ལ་བཞི་སྟེ། དང་པོ། ནད་པའི་ལུས་ལ་ཁྲག་ཁབ་རྒྱག་པའམ་མཁལ་མ་སོགས་དོན་སྣོད་བརྗེ་བ་དང་། གཉིས་པ། ཉལ་ཐ་འཐེན་མཁན་རྣམས་ཀྱིས་ཁབ་ཆས་གཅིག་གིས་མི་མང་པོའི་ཁྲག་རྩའི་ནང་དུ་དུག་ཁབ་རྒྱག་པ་དང་། གསུམ་པ། སྨན་དཔྱད་ཀྱི་ཡོ་བྱད་དག་ལ་དུག་སེལ་མཐར་ཕྱིན་པ་མ་བྱས་པ་སྟེ། དེ་ཡང་སྨན་ཁབ་རྒྱག་པ་དང་གཤག་བཅོས་དང་། ཁ་ནད་དང་མོ་ནད་དང་། བཞིན་བཅོས་སོགས་བྱེད་པའི་ཡོ་བྱད་རྣམས་ཀྱི་ཐོག་ན་ནད་དུག་ཡོད་པ་དེ་སྨན་ཁང་ཚད་དང་མི་ལྡན་པ་དག་གིས་དུག་སེལ་ལེགས་པོ་མ་བྱས་པས་གཞན་ལ་ནད་དུག་འགོ་བ་དང་། བཞི་པ། འཚོ་བའི་ཡོ་བྱད་རྣམས་ལས་སྨར་བཞར་དང་སོ་ཕྱིས་དང་སོ་ཐུར་དང་སེན་གྲི་སོགས་ཁྲག་འགོ་རུང་བའི་ཡོ་བྱད་རྣམས་ནད་དུག་ཅན་གྱི་མིས་སྤྱད་པའི་དབང་གིས་དེའི་ཐོག་ན་ནད་དུག་ཡོད་པ་རྣམས་བཀོལ་བ་ལས་འགོ་བའོ། ། གསུམ་པ་ནི། ནད་དུག་ཅན་གྱི་མའི་མངལ་ན་ཡོད་པའི་ཕྲུ་གུ་དང་། མ་དེའི་ནུ་འོ་འཐུང་བ་སོགས་བྱེད་པའི་བྱིས་པ་ལ་འགོ་བའོ། ། གསུམ་པ་ཨེ་ཛིའི་ནད་སྔོན་འགོག་བྱ་བ་ནི། བརྒྱུད་ལམ་གསུམ་གྱི་དང་པོ་སྔོན་འགོག་བྱེད་པ་ལ། ཕོ་མོ་ལུས་འབྲེལ་གྱི་བྱ་བ་གཏན་ནས་མ་བྱས་ན་དེ་ལས་བྱུང་བའི་ནད་ཀྱང་འགོ་དོན་མེད་མོད། འོན་ཀྱང་དེ་མི་ཕལ་མོ་ཆེས་བསྒྲུབ་དཀའ། དེ་ལྟར་མ་ནུས་ན་ནད་དུག་མེད་ངེས་ཀྱི་མི་གཅིག་མ་གཏོགས་གཞན་མང་པོ་ལ་ལུས་འབྲེལ་མི་བྱེད་ཅིང་། ཁྱད་པར་དུ་སྨད་འཚོང་མ་ལ་ལུས་འབྲེལ་གཏན་ནས་མི་བྱེད་པ་དང་། སྤྱིར་ལུས་འབྲེལ་བྱེད་པའི་སྐབས་སུ་ཀུན་ཏུ་བདེ་འཇགས་སྲུང་སྐྱོབ་ལ་ནན་ཏན་བྱེད་དགོས་ལ། དེ་ཇི་ལྟར་བྱ་བའི་ཚུལ་རྣམས་ཞིབ་པར་ཤེས་བར་བྱའོ། ། བརྒྱུད་ལམ་གཉིས་པ་སྔོན་འགོག་བྱེད་པ་ལ་ལྔ་སྟེ། དང་པོ་ཅི་ནུས་ཀྱིས་ལུས་ལ་ཁྲག་ཁབ་མི་རྒྱག་པ་དང་། ཅིས་ཀྱང་རྒྱག་དགོས་ན་ཨེ་ཛིའི་ནད་དུག་མེད་པར་གཏན་ཁེལ་བྱས་པའི་རྟགས་མ་ཅན་གྱི་ཁྲག་རྒྱག་པ་དང་། གཉིས་པ་སྨན་བཏུང་བ་ལས་ཅི་ནུས་ཀྱིས་ཁབ་མི་རྒྱག་པ་དང་། ཅིས་ཀྱང་རྒྱག་དགོས་ན་སྨན་ཁབ་ཐེངས་གཅིག་པ་ལས་མི་མང་པོ་ལ་བཀོལ་བའི་ཁབ་ཆས་མི་སྤྱད་པ་དང་། ཁབ་མགོ་དང་རྨ་རས་སོགས་ལ་མི་རེག་པ་དང་། སོ་ནད་དམ་དེ་ལས་གཞན་པའི་ཁ་ནད་སྨན་བཅོས་བྱེད་པ་སོགས་ཀྱི་སྐབས་སུ་ཡོ་བྱད་ལ་དུག་སེལ་ལེགས་པོ་བྱས་ཡོད་མེད་བརྟག་པར་བྱ་བ་དང་། ཁྱད་པར་དུ་སྨན་ཁང་ཚད་དང་མི་ལྡན་པ་རྣམས་ཀྱི་ནང་ནས་ཁབ་རྒྱག་པ་སོགས་མི་བྱ་བ་དང་། གསུམ་པ་ཚད་དང་མི་ལྡན་པའམ་དུག་སེལ་ལེགས་པོ་མི་བྱེད་པའི་སྐྲ་བཞར་ཁང་དང་བཞིན་ལས་ཁང་སོགས་ནས་སྐྲ་བཞར་བ་སོགས་མི་བྱེད་པ་དང་། བཞི་པ་རང་ཉིད་ཀྱི་སྨར་བཞར་དང་སོ་ཕྱིས་སོགས་ལས་གཞན་གྱི་དེ་དག་མི་བཀོལ་བ་དང་། ལྔ་བ་ཁྲག་ཐོན་པའི་རྨས་མ་སྐྱོབ་པའི་ཚེ་ན་དེའི་ཁྲག་རང་གི་ལུས་ཀྱི་པགས་པའམ་ཁྱད་པར་དུ་རྨ་ཁ་ཡོད་ན་དེ་ལ་མ་རེག་པར་བྱེད་དགོས་ཏེ། དེ་རྣམས་ཀྱིས་རིགས་འགྲེས་ནས་བྱ་བ་གཞན་ཀུན་ལ་ཤེས་པར་བྱའོ། ། བརྒྱུད་ལམ་གསུམ་པ་སྔོན་འགོག་བྱེད་པ་ལ་གཉིས་ཏེ། དང་པོ་ཕྲུ་གུ་སྐྱེ་གསོའི་ན་ཚོད་དང་ལྡན་པའི་བུད་མེད་རྣམས་ཀྱིས་ལྷག་པར་དུ་ཨེ་ཛིའི་ནད་དུག་གི་བརྒྱུད་ལམ་ལ་དོགས་ཟོན་བྱས་ནས་དེ་མི་འགོ་བར་བྱ་བ་དང་། གཉིས་པ་མངལ་ཆགས་པའི་སྔ་རོལ་ཏུ་ནད་དུག་ཡོད་པར་ཤེས་ན་མངལ་ཆགས་སུ་མི་འཇུག་པ་སོགས་ཀྱི་ཐབས་ཤེས་བསྟེན་པ་དང་། ནུ་འོ་དང་མའི་ཁ་ནང་ནས་བུ་ལ་ཟས་མི་སྦྱིན་པ་སོགས་དགོས་སོ། ། བཞི་བ་ཨེ་ཛིའི་ནད་པ་ལ་བྱམས་སྐྱོང་བྱ་བ་ནི། ནད་དུག་ཅན་གྱི་མི་རྣམས་ལ་སྤྱི་ཚོགས་ཡོངས་ཀྱིས་བརྩེ་གཟིགས་བྱམས་སྐྱོང་བྱེད་པ་ལས་དེ་དག་ལ་མཐོང་ཆུང་དང་བརྙས་བཅོས་མི་བྱ་ཞིང་། ཨེ་ཛིའི་ནད་དུག་ཅན་ལ་ལག་འཇུ་བྱས་པ་དང་། མཉམ་དུ་ཟས་ཟོས་པ་དང་། ཆུ་རྐྱལ་བྱས་པ་དང་། ཆབ་ཁང་སོགས་གནས་དང་ཡོ་བྱད་གཅིག་ལ་མཉམ་དུ་ལོངས་སྤྱད་པ་དང་། ཁ་རླངས་ཕོག་པ་ཙམ་གྱིས་ནད་འགོ་བར་མི་འགྱུར་བས་ཧ་ཅང་ཁུ་འཕྲིག་ནས་མིའི་ཁྱུ་ནས་ཕྱིར་འབུད་བྱས་ན་མི་འཐད་ཅིང་མི་དགོས་པས་དེ་ལྟར་མི་བྱེད་པ་གལ་ཆེའོ། ། ལྔ་བ་ཨེ་ཛིའི་ནད་པ་རང་གིས་ཇི་ལྟར་བྱ་བ་ནི། ནད་དུག་ཅན་གྱི་མི་རྣམས་ཀྱིས་རང་གི་ནད་རྩ་བ་ནས་བཅོས་ཐབས་མ་རྙེད་ཀྱང་རེ་ཞིག་ཕན་པའི་སྨན་བསྟེན་པ་དང་། ཁྱད་པར་དུ་གཞན་ལ་མི་འགོ་བའི་ཐབས་ལ་བརྩོན་པ་ནན་ཏན་བྱ་བ་དང་། བདེ་སྡུག་གཏོང་ལེན་དང་ལས་འབྲས་ལ་ཡིད་ཆེས་སོགས་དམ་པའི་ཆོས་ཀྱི་སྒོ་ནས་ནད་འདི་ལ་བརྟེན་ཏེ་རང་གི་སྡིག་སྒྲིབ་འཛད་པ་དང་ཚོགས་གསོག་པའི་ཐབས་ལ་འབད་པར་བྱ་དགོས་སོ། ། འདི་དག་མདོར་བསྡུས་པ་ཙམ་ཞིག་ཡིན་པས་རྒྱས་པར་གཞན་དག་ལས་ཤེས་པར་བྱས་ནས་སྔོན་འགོག་ལ་ནན་ཏན་མཛད་པར་ཞུ་ཞུ། ། ཞེས་པ་འདི་ནི་བོད་རབ་གནས་ཆུ་འབྲུག་ལོའི་སྟོན་ཟླ་ཐ་ཆུང་གི་ཚེས་༦ཉིན་མཁན་ཆེན་ནམ་སློབ་དཔོན་དྲིན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བྲིས་པའོ། །
སྤེལ་དུས: 2014/2/19
ཆུ་འཁོལ་འཐུང་བའི་ཕན་ནུས་འདི་རེད།
མིའི་ལུས་ཁམས་སྤྱི་ལ་ཕན་པ་ནི་སྨན་བསྟེན་པ་ལས་ཀྱང་ཆུ་བཏུང་བ་ལེགས། ༡ ཆུ་འཐུང་བའི་ཕན་ནུས། ས་ལྒང་འདིར་གནས་ཀྱི་སྲོག་ཆགས་གང་ཡིན་རུང་མང་ཆེ་བའི་ཚེ་སྲོག་གི་གྲུབ་ཆ་ནི། དུས་ནམ་ཡང་རླན་དང་འབྲལ་མི་རུང་བས་ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་གཙོ་ཤོས་ཤིག་ཏུ་ཆགས་ཡོད། ལྷག་ཏུ་མིའི་རིགས་ཀྱིས་དུས་རྒྱུན་ཆུ་མང་ཙམ་བཏུང་དགོས་པ་ཞིག་ཡིན་ལ། ང་ཚོའི་མིའི་ལུས་ཕུང་ནི་ཆུའི་སྐྱལ་བ་ཞིག་དང་འདྲ་བར་ལུས་ཀྱི་ཆ ༦༠ ལྷག་རླན་གྱིས་བཟུང་ཡོད་པ་ཡིན། ད་དུང་རླངས་འཁོར་ནང་བཞིན་འགུལ་སྐྱོད་ཀྱི་ཆ་དག་ཀྱང་ཆུས་ནུས་པ་རྒྱུན་བསྲིངས་ནས་ཡོད་པས་མིའི་ལུས་ཁམས་ལ་མཚོན་ན། ཆུ་ནི་མེད་དུ་མི་རུང་བའི་ལུས་ཁམས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན། ལུས་ཀྱི་ཆ་ཤས་མི་འདྲ་བ་དག་ལས་དུག་རིགས་དང་ནད་སོགས་འཇོམས་པའི་ནུས་པ་ཡོད་པ་དང་། ལུས་ཁམས་ཀྱི་སྔོན་འགོག་མ་ལག་གི་ནུས་ན་ཡང་མཐོར་འདེགས་ཐུབ་པ། མ་ཟད་བདེ་ཐང་སྲུང་སྐྱོབ་བྱ་བ། ཟས་འཇུ་བ་ལ་ཕན་པ། ལས་ཀྱི་སྙིགས་མ་ཕྱིར་ཕུད་གཏོང་ཐུབ་པ། ལུས་དྲོད་ལ་སྙོམས་སྒྲིག་ཐུབ་པ། ཁྲག་དྭངས་སྙིགས་རྒྱུན་ལྡན་དུ་རྒྱུ་ཐུབ་པ་བཅས་ཀྱི་བྱེད་ལས་ལྡན། དེའི་ཕྱིར་ཞིབ་འཇུག་པ་དག་གིས་ཆུ་ལ་བསྐྱར་གསོའི་ལྷ་ཆུ་ཞེས་འབོད་ལ། རྒྱུ་པར་མིའི་ལུས་ཁམས་ལ་སྨན་མཆོག་ལས་ཀྱང་བསྐྱར་གསོའི་བྱེད་ནུས་ཡོད་པ་རྟོགས། ཉི་ཧོང་གི་གསོ་རིག་མཁས་པས་བརྟག་དཔྱད་ལས་ཤེས་གསལ་བྱུང་བ་ནི་ལོ༦༥ ཡན་ཟིན་པའི་རྒན་རྒོན ༤༦༠ ཡིས་ལོ་ལྔའི་རིང་བདེ་ཐང་གི་བྱ་འགུལ་ལ་ཆེད་ཞུགས་བྱས་ཏེ། ཉིན་ལྟར་ཞོགས་པ་ཆུ་འཁོལ་བཏུང་རྒྱུའི་གོམས་གཤིས་རྒྱུན་འཁྱོངས་བྱས་ཡོད་སྟབས་ཁོ་ཚོའི་ནང་གི་བརྒྱ་ཆའི་82% ཀྱི་མིའི་གདོང་གཤིས་ཇེ་ལེགས་སུ་སོང་བ་དང་། སེམས་ཤུགས་ཆེ་བ། སོ་གྲལ་འགྲིག་པ། རིགས་པ་གྲུང་བ། ནད་མི་སྡང་བ་བཅས་ཀྱི་ལུས་ཁམས་ལ་མངོན་སུམ་དུ་ཕན་ནུས་ཐོན། ཆེད་མཁས་པས་ཆུ་གཙང་བཏུང་མཁན་གྱི་ཁེ་ཕན་ལ་ཡང་བསྐྱར་ཞིབ་འཇུག་བྱས་མཐར། མི་རྣམས་མཚན་མོ་ཉལ་གཉིད་ཀྱི་གོ་རིམ་ཐེངས་གཅིག་བརྒྱུད་འོག མིའི་ཕོ་བའི་ནང་ཆའི་ཟས་ཞུ་རྗེས་སྙིགས་རོ་རྣམས་ལུས་ཀྱི་རྒྱུ་སྨད་སོགས་ན་འདུས་ཡོད་སྟབས། སྐབས་དེར་ཞོགས་པར་ཚྭ་ཆུ་དང་ཡང་ན་ཆུ་ཁོལ་ཕོར་གང་ཙམ་འཐུངས་ན་མགྱོགས་མྱུར་བསྡུ་ལེན་ངང་ལུས་ཁམས་ཀྱི་དབང་པོའི་གྲུབ་ཆ་ཁག་ལ་གཙང་འཁྲུད་ཐེངས་གཅིག་བྱས་ཏེ་སྙིགས་རོ་རྣམས་རྒྱང་ཕུད་གཏོང་ཐུབ་ཀྱིན་ཡོད། དེའི་ཕྱིར་ཆུ་འཐུངས་བ་ནི་སྨན་བཏུང་བ་ལས་ཀྱང་ལྷག་པ་ཡིན། ༢ ཆུ་བསྟེན་ཚད། ཉིན་གཅིག་ལ་རྒྱུན་ལྡན་གྱི་མི་ཞིག་གི་ཆུ་བསྟེན་ཚད་ནི། ཧྭོ་ཧྲིན ༡༥༠༠ སྟེ་རྒྱ་མ་གསུམ་ནས་བཞི་ཙམ་ཡིན། ཉིན་གང་ལ་ཆུ་ཕོར་བརྒྱད་ཙམ་ངེས་པར་དུ་བཏུང་དགོས། ༣ ཆུ་བསྟེན་པའི་དུས། སྔ་མོ་ཡར་བཞེངས་རྗེས་དང་། ཐུན་གསུམ་ལ་ཟས་མ་བསྟེན་པའི་ཡར་སྔོན། རྒྱུན་པར་ཚ་བ་ཆེ་དུས། ཟས་མི་བསྟེན་པའི་བར་གསེང་ཀུན་ཏུ་ཆུ་བཏུང་དགོས། དགོང་མོ་མ་ཉལ་བའི་ཡར་སྔོན་དུས་ཚོད་གཅིག་ཙམ་སྟེ་འདི་དག་ནི་རྒྱུན་པར་ཆུ་བསྟེན་པའི་དུ་ཚིགས་མ་ནོར་བ་སྟེ་ལུས་ཁམས་དང་འཚམ་པའི་དུས་ཡིན། ༤ ཆུ་བཏུང་ལུགས། རི་མོ་འདི་དག་གིས་ཆུ་བཏུང་ལུགས་ལ་དྲན་སྐུལ་བྱེད་ཀྱིན་ཡོད། རི་མོ་དང་པོས་ཆུ་བཏུང་ཚད་ཉུང་དྲགས་མི་རུང་བ་མཚོན། གཉིས་པས་ཆུ་བཏུང་ཚད་མང་དྲགས་ཀྱང་མི་རུང་བ། གསུམ་པས་ཆུ་གཙང་མི་འཐུང་བར་སྐོམ་ཆུའི་རིགས་མང་པོ་བཏུང་མི་རུང་བ། བཞི་པས་ཆུ་གྲངས་མོ་དང་འཁྱགས་དར་ཅན་བཏུང་མི་རུང་། ལྔ་པས་ཐེངས་རེར་ཆུ་ཉུང་ཙམ་དང་། དུས་རྒྱུན་པར་བཏུང་བ་མཆོག་ཡིན་པ་མཚོན་ཡོད།
སྤེལ་དུས: 2014/2/15
འཛམ་གླིང་གི་བདེ་ཐང་རང་བཞིན་ལྡན་པའི་ལས་བྱེད་དང་ངལ་གསོའི་དུས་ཚོད་རེའུ་མིག
འཛམ་གླིང་གི་བདེ་ཐང་རང་བཞིན་ལྡན་པའི་ལས་བྱེད་དང་ངལ་གསོའི་དུས་ཚོད་རེའུ་མིག
སྤེལ་དུས: 2013/11/3
ཨ་མའི་བདེ་ཐང་ནི་མིའི་རིགས་ཀྱི་མ་འོངས་པའི་བདེ་ཐང་ཡིན།
ཨ་མའི་བདེ་ཐང་ནི་མིའི་རིགས་ཀྱི་མ་འོངས་བའི་བདེ་ཐང་ཡིན།
སྤེལ་དུས: 2013/8/8
བྲེལ་འཚབ་བརྡ་ཐོ།
བྲེལ་འཚབ་བརྡ་ཐོ།
སྤེལ་དུས: 2013/8/8
གལ་ཆེའི་འཕྲོད་བསྟེན་ཤེས་བྱ་ཁག
གལ་ཆེའི་འཕྲོད་བསྟེན་ཤེས་བྱ་ཁག
སྤེལ་དུས: 2013/7/20
བོད་ཀྱི་གསོ་བ་རིག་པའི་རྨང་གཞི་འབྱུང་བཞིའི་སྐོར་རགས་ཙམ་དཔྱད་པ།
༄༅།།བོད་ཀྱི་གསོ་བ་རིག་པའི་རྨང་གཞི་འབྱུང་བཞིའི་སྐོར་རགས་ཙམ་དཔྱད་པ།
སྤེལ་དུས: 2013/7/7
གློ་གཅོང་ནད་ཀྱི་ཤེས་བྱ།
གློ་གཅོང་ནད་ཀྱི་ཤེས་བྱ།
སྤེལ་དུས: 2013/6/24
མ་བུ་བདེ་སྲུང་གི་རྒྱུན་ཤེས།

མ་བུ་བདེ་སྲུང་གི་རྒྱུན་ཤེས།

སྤེལ་དུས: 2013/6/21
སྤེལ་དུས: 2013/6/1

            འདིར་བརྩམས་ཆོས ( 33 )ཡོད།               པར་ངོས་ཐོག་མ།  གོང་མ།  པར་ངོས 2/4 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
40431572
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1