草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།»རྩོམ་རིག»ལྷུག་རྩོམ།
འདིར་ཟུར་བྱང་མེད།

ལྷུག་རྩོམ།


ངས་དཔྱིད་དུས་ལ་བསྔགས་ན་འདོད་ཀི
ངས་དཔྱིད་དུས་ལ་བསྔགས་ན་འདོད་ཀི
སྤེལ་དུས: 2014/1/25
ཡུལ་གང་ལ་སོང་ན་གེ་རྟ་མངས།
ཡུལ་གང་ལ་སོང་ན་གེ་རྟ་མངས།
སྤེལ་དུས: 2014/1/25
སླར་ཡང་ཁྱེད་དང་འཕྲད་པར་སྨོན།
སླར་ཡང་ཁྱེད་དང་འཕྲད་པར་སྨོན།
སྤེལ་དུས: 2014/1/8
སྤེལ་དུས: 2014/1/8
ཤེས་ཡོན་སློབ་གསོའི་སྐོར།

ཤེས་ཡོན་སློབ་གསོའི་སྐོར།


སྤེལ་དུས: 2013/12/30
༄༅། ། སྒོ་ཁྱིའི་ལས་དབང་།

༄༅། ། སྒོ་ཁྱིའི་ལས་དབང་། 

སྤེལ་དུས: 2013/12/24
འདང་རྒྱག་ལས་འཕྲོས་པའི་ཚོར་སྣང་།

སྟོབས་རྒྱས།      ཕ་ཡུལགཙང་རིན་སྤུངས།

དྲོ་འཇམ་ཉི་མ་ནུབ་ཕྱོགས་ཨ་མའི་མངལ་དུ་ལོག ས་རུབ་མུན་པའི་གཡོལ་བ་མཁའ་ལ་འཐེན་བཞིན་པའི་དུས་འདིར་ཁོ་བོས་ནམ་རྒྱུན་གྱི་གོམ་གཤིས་ལྟར་གློག་ཀླད་ཁ་ཕྱེ་ནས་གློག་བརྙན་ལ་ལྟ་བའི་འཚོ་བ་ལ་རོལ།  དོ་ནུབ་ཀྱི་མཚན་མོ་དེ་ནི་དཀར་མདངས་ཆེ་བའི་གློག་སྒྲོན་དང་འགྲོགས་ནས་ཁྲུག་ཆ་དོད་པའི་སྒྱུ་རྩལ་གྱི་གར་སྟེགས་ཤིག་ཏུ་སྣང་། སློབ་རའི་ནང་དུ་ཡིད་ལ་འཐད་པའི་སྐོར་བྲོའི་སྙན་དབྱངས་དེ་ཉལ་ཁང་གི་སྒེའུ་ཁུང་བརྒྱུད་ནས་རྣ་བའི་བུ་ག་རུ་འབྱོར།  སྐབས་དེ་དུས་ང་རང་ནི་ཁ་ཕྱོགས་ནོར་བའི་རྟ་ཕོ་ཞིག་དང་གཉིས་སུ་མེད།  གང་ཡིན་ཞེ་ན་སྐོར་བྲོ་དེའང་ཁོ་བའི་ནམ་རྒྱུན་ཆེས་དགའ་ཆོས་ཀྱི་འཚོ་བའི་གྲུབ་ཆ་ཞིག་ཡིན་པས།  ངས་ལུས་སེམས་གསོ་བའི་སྐོར་བྲོའི་སྙན་དབྱངས་ལ་རེ་ནས་བསམ་མེད་ཅིག་ལ་གོམ་ཁ་དེ་སྐོར་བྲོ་རྒྱག་སའི་ཡུལ་དེར་བསྒྱུར་ཟིན།  འཁྲུག་ཆ་དང་ཟང་ཟིང་ཆེ་བའི་གར་སྟེགས་དེར་བྲོ་མཁན་རྣམས་ནི་སྟངས་སྟབས་ལིང་ལིང་གྱི་ཁ་ནས་གཞས་དང་རྐང་པས་བྲོ་ཁྲབ་བཞིན་པའི་རྣམ་འགྱུར་དེ་ནི་ཅི་འདྲའི་བག་ཕེབས་ཤིང་སྣང་བ་སྐྱིད་པ་ཞིག་ཡིན་པ་ལོས་ཀྱི་ཚོར་གྱིན་འདུག  ང་རང་མི་ཚོགས་ཀྱི་ཁྲོད་དུ་ཅི་ཞིག་བོར་བརླགས་སུ་སོང་བ་བཞིན་མགོ་བོ་ཀེར་དུད་ཀྱི་འཚོལ་བཞིན་པའི་སྒང་དེར་མི་རྒྱང་པའི་ས་ན་ཁྱེད་ཉིད་ཡོད་པ་གཞི་ནས་ཤེས།  སྐབས་དེ་དུས་ཁོ་བོ་ནི་མགྲིན་པ་བརྣངས་པའི་མི་ཞིག་དང་འདྲ་བར་སྨྲ་སྒོ་ལས་བཤད་འདོད་པའི་སྨྲ་བ་ཅི་ཡང་འདོན་མི་ཐུབ་པར་ག་ལེར་ཡུལ་དེ་ནས་བར་ཐག་ཅུང་ཙམ་ཆོད་པའི་ཟུར་ཞིག་ཏུ་འདྲེན་བྱེད་དབང་པོ་ཡུད་ཙམ་བྲལ་མི་ཕོད་པར་ཁྱེད་ཉིད་ལ་ལྟ་ བཞིན་མནོ་བསམ་གྱི་ལས་ལ་ཞུགས་འགོ་ཚུགས་ནས་བསྡད།

ལོ་ཟླའི་བགྲོས་དང་བསྟུན་ནས་སློབ་ཆེན་གྱི་འཚོ་བ་དེའང་མཇུག་སྒྲིལ་ལ་ཉེ་བའི་དུས་འདིར་ངས་རྒྱུ་རྐྱེན་གང་ཡིན་ཅི་ཡང་་ཤེས་པར་ཁྱོད་དང་ང་ཡི་དབར་ལ་བར་ཐག་ཞིག་ཆོད་དགོས་པའི་སྣང་བ་ཞིག་རྒྱུན་དུ་ལུས་གཟུགས་ལ་འཇགས་ཟིན། གནད་དོན་འདིར་ངས་འདང་རྒྱག་དང་འདང་རྒྱག་ལས་གཞན་གྱི་ཐབས་ཅི་ཡང་མེད་དུས་ཁོ་བོ་ནི་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་།  ཡང་སྙིང་ཁྱོད་དང་ང་ཡི་དབར་ལ་དོན་ཅི་ཞིག་ཡོད་མེད་ངས་འཚོར་གིན་མེད་ལ་དེ་ལས་ཀྱང་ཁྱོད་ཉིད་ངས་རྨི་ལམ་འབུམ་ཕྲག་ནང་དུ་ཡུན་རིང་འཚོལ་རྙེད་བྱེད་ཡུལ་དང་རེ་སྒུག་བྱེད་པའི་ཁྱོད་དེ་ཡིན་མིན་དེ་བས་བརྗོད་པར་དཀའ་སོང་། འདང་རྒྱག་མང་དག་ཅིག་གིས་ངའི་ཀླད་ཁམས་ཡོད་ཚད་མག་མོག་སུ་གྱུར་ནས་མིག་མདུན་གྱི་དོན་དེར་གཏན་ཚིགས་དང་མཐུན་པའི་འགྲེལ་བཤད་ཅིག་རྒྱག་ཐུབ་རྒྱུ་ལྟ་ཅི། དེ་བས་དོན་དེར་ཡང་སྙིང་ཚིག་ཅི་འདྲ་ཞིག་གི་ཐོག་ནས་གསལ་བར་བྱེད་དགོས་མིན་ཀྱང་ང་རང་ལ་གདེང་ཚོད་སྤུ་ཙམ་མེད་ལ་སྣང་ངོར་རིག་མཛོད་ཆེན་མོ་ཞིག་གི་ནང་དུའང་ཡོད་སྲིད་པ་ཞིག་མི་བསམ།   བསམ་གཞིགས་དང་མནོ་བསམ་ཁྲོད་བརྩེ་དུང་ཞེས་པའི་ཡིག་འབྲུ་གཉིས་པོ་དེར་ཡང་སྙིང་དངོས་པོ་ཅི་ཞིག་ཡིན་མིན་མི་ཤེས་ལ། ལྷག་པར་ཁོ་ལ་ལྡན་པའི་སྟོབས་ཤུགས་ནི་གང་ནས་འབྱུང་མིན་དང་དོན་སྙིང་ཅི་འདྲ་ཡོད་མེད་དེ་བས་སྤྱི་འགྲོས་དང་མཐུན་པའི་གསལ་བཤད་ཅིག་ཀུན་ནས་ཀྱང་རྒྱག་ཐབས་བྲལ་སོང་། ང་རང་ནི་ཐེ་ཚོམ་གྱི་ཁྲོད་དུ་ཉམ་ཆུང་སེམས་པ་ཉིད་མི་མངོན་པའི་ས་ཞིག་ནས་ཁྱེད་ལ་ཕྱོགས་ནས་སྡོད་དགོས་བསམ་ཡང་ན་བློ་སྟོབས་ཆེར་བསྐྱེད་ཀྱིས་ནམ་ཡང་ཁྱེད་དང་མི་བྲལ་བར་དུས་མཚམས་མེད་པར་མངོན་མེད་ཀྱི་སྟོབས་ཤུགས་ཤིག་ཁྱེད་ལ་སྤྲས་ནས་ལྷད་མེད་ཀྱི་བརྩེ་བ་དེ་མཚོན་པར་བྱེད་དགོས་མིན་དེའང་ཁོ་བོའི་སེམས་དབུས་སུ་འགྲེལ་དཀའ་བའི་དྲི་བ་ཆེན་པོ་ཞིག་ཏུ་གྲུབ།

ཁྱོད་ཉིད་ཁོ་བོའི་ཟུང་ཁྲག་ལ་མཁོ་བ་དེ་ཨེ་ཡིན།   ཡང་ན་ཁྱེད་ཉིད་ཁོ་བོས་ཚེ་སྔོན་ནས་དམ་བཅའ་བརྟན་པོར་བཞག་ནས་སྒུག་པའི་ཚེ་འདིའི་ལན་ཆགས་ཀྱི་བུ་ལོན་དེད་མཁན་དེ་ཨེ་ཡིན། གང་ལྟར་ཁྱོད་དང་ང་ཡི་དབར་ལ་བརྗོད་དཀའ་བའི་གཏམ་རྒྱུད་ཅིག་ཡོད་པ་བཞིན་ཁོ་བོས་རྒྱུན་གཏན་ཁྱེད་དང་གདོང་ཐུག་བྱེད་མི་ཕོ་ལ། དེ་བས་བར་ཐག་ཅིག་གིས་ཆོད་ནས་བསྡོད་དགོས་པའི་འདུ་ཤེས་ཤིག་རང་བཞིན་གྱི་སླེབས།  གཅིག་བྱས་ན་ཁོ་བོ་ཉིད་ཐར་དཀའ་བའི་བརྩེ་དུང་གི་དྲ་རྒྱའི་ནང་དུ་ཚུད་པ་ཡིན་ཡང་སྲིད། གང་ལྟར་ཁྱེད་ཉིད་ངའི་འདྲེན་བྱེད་ཡུལ་དུ་འཆར་ཐེངས་རེར་ངའི་ཉམ་ཆུང་གི་སེམས་པ་ཉིད་རླུང་གི་དེད་པའི་བྱ་སྒྲོ་བཞིན་བར་མེད་མཁའ་ལ་གཡོ་བཞིན་ཀླད་ཁམས་ནི་མཚོ་ཐོག་གི་ཤིང་དུམ་ཞིག་དང་གཉིས་སུ་མེད།  སྐབས་རེ་ང་སྟོང་བསམ་གྱི་མཁའ་གྲུ་ལ་བསྡད་ནས་ངས་ཁྱེད་དང་ནམ་ཡང་བྲལ་མི་ཕོད་པར་ཉ་ཆུ་ལྟར་བཞིན་སོན་བྲལ་མེད་པའི་འཚོ་བ་ལ་རོལ་འདོད།       སྐབས་རེ་ངས་སྒྲུབ་ཐབས་མེད་པའི་སྣང་བ་ཁྲི་ཕྲག་ཅིག་གི་ཁྱེད་དང་ང་ཡི་དབར་ལ་བརྩེ་བ་ཆུ་མོ་བཞིན་བསྲིངས་ནས་ན་མཉམ་གྱི་ཤེས་གྲོགས་དང་འདྲ་བར་སློབ་རྭའི་ནང་དུ་སུབ་ཐབས་མེད་པའི་དྲན་གསོ་མང་དག་ཅིག་བཞག་འདོད།   སྐབས་རེ་ངས་འཆར་ཡན་འབུམ་ཕྲག་ལ་བརྟེན་ནས་ཁྱེད་ཉིད་ཁོ་བོའི་རྨི་ལམ་གྲོང་དེར་མགྲོན་དུ་ཡོང་རྒྱུར་རེ་ནས་དུས་ཚིགས་མང་པོ་ཡང་འདས་མྱོང་། 

ངོ་མ་སླར་ཡང་འདས་ཟིན་པའི་སློབ་ཆེན་ལོ་ངོ་བཞི་ཡི་འཚོ་བར་ཕྱིར་དྲན་ཞིག་བྱས་ཚེ་ཁྱེད་ནི་སྔར་བཞིན་དགའ་འོས་ལ་ཁྲོ་འོས་པའི་རང་གཤིས་ལྡན་པའི་སྨན་ཆུང་དེ་རང་ ཡིན་འདུག ལོ་ཟླ་ནི་ཕུ་ཡི་བབས་ཆུ་བཞིན་འགོག་མེད་རྒྱུག་བཞིན་པའི་དེ་རིང་ངས་ཁྱེད་དང་བརྩེ་དུང་གི་གཏམ་རྒྱུད་ཐུང་ངུ་ཞིག་བྱུང་རྒྱུར་རེ་བཞིན་མངོན་མེད་ཀྱི་ཁྱེད་ལ་བརྩེ་བའི་སྙིང་གཏམ་མང་དག་ཅིག་བརྗོད་མྱོང་ཡོད་མོད།  འོན་ཀྱང་རྒྱུ་རྐྱེན་མང་དག་ཅིག་གི་ངེད་གཉིས་དབར་ལ་སེར་བྱ་ངང་་བཞིན་ལས་ཀྱི་འདུད་པ་ཐེབས་པའི་བསྐལ་བ་དེ་མ་བྱུང་།   བར་སྐབས་དེ་དུས་ངས་བརྩེ་དུང་ཞེས་པ་ཅི་ཞིག་ལ་གོ་བ་ཤེས་གི་མེད།    འོན་ཀྱང་ཁོ་བོར་བརྗོད་དཀའ་བའི་ཚོར་སྣང་ཞིག་གི་བར་མེད་ལྟོ་བའི་རུམ་དུ་འཁོར་བཞིན་ཁོ་བོ་ནི་ཁ་ཕྱོགས་འཁྲུལ་བའི་མི་ཞིག་དང་འདྲ་བར་ཡང་སྙིང་ཅི་ཞིག་བྱ་དགོས་མིན་ཐད་གང་ཡང་མི་ཤེས་པའི་བེམ་པོ་ཞིག་ཏུ་སྣང་།   མ་གཞི་ཁོ་བོས་ཁྱེད་ལ་ཚོར་སྣང་ཅི་འདྲ་ཡོད་མེད་མ་ཤེས་རུང་ཁྱེད་ཀྱི་ཁོ་བོར་བཞག་པའི་བག་ཆགས་དག་དྭངས་གསལ་མེ་ལོང་ངོས་ལ་བལྟས་པ་བཞིན་སེམས་པའི་ཀློང་དུ་ནམ་ཡང་གསལ་ལེར་འཁོད་ནས་ཡོད།

སོང་ཟིན་པའི་ལོ་ངོ་བཞི་ཡི་ནང་ལ་ངས་ཁྱེད་ལ་བརྩེ་བ་ཡིན་དང་དགའ་བ་ཡིན་ཅུང་ཆ་ཚང་བའི་ཐ་སྙད་ཅིག་གིས་བརྗོད་མི་ཐུབ་རུང་ཁོ་བོས་བཅོས་མིན་སེམས་གཏམ་སྲོང་པོར་བརྗོད་ན་ཁྱེད་ཉིད་ཡིད་ལ་དྲན་ཐེངས་རེར་ཁོ་བའི་སྙིང་ཁོང་ལ་ཤོད་པར་དཀའ་བའི་མངོན་མེད་སེམས་གཏམ་ཞིག་རབ་ཏུ་འབར་ནས་ཁོ་བོ་ཡང་ག་བྱེད་འདི་བྱེད་མེད་པའི་གནས་སུ་ལུས་པའི་དོན་མང་དག་ཅིག་འབྱུང་མྱོང་།   དུས་ཚིགས་མང་དག་ཅིག་གི་འགྱུར་འགྲོས་འོག་ངས་ཤད་མི་ཤེས་པའི་གཏམ་དང་དོན་མང་དག་ཅིག་ཁྲ་ཆུང་མིག་གི་མདུན་དུ་འཆར་དུས་མནོ་བསམ་དང་ཡིད་ཆེས་དཀའ་བ་ལས་དེར་གདོང་ཐུག་གི་ཐག་གཅོད་བྱེད་མི་ཕོད་པའི་གནས་སྐབས་ལ་གྱར་དུས་ད་གཟོད་གཞི་ནས་ཐམས་ཅད་ནི་ལས་དབང་ཡིན་པ་ཤེས།

ལས་དབང་ནི་ཕངས་ཟིན་པའི་མདའ་མོ་ཞིག་དང་འདྲ་བར་ཟློག་པའི་སྲོལ་མེད་དུས་ཁོ་བོས་ལས་དབང་ལ་ཡིད་ཆེས་མི་བྱེད་ཀ་མེད་ལས་དེ་ལ་བསྒྱུར་བཅོས་གཏོང་བའི་ནུས་ཤུགས་དུས་ད་ལྟ་མངའ་བ་མི་སྲིད།   གང་ལྟར་ཡོད་ཚད་ལས་དབང་གི་ཁ་ལོ་སྒྱུར་བཞིན་པའི་འཇིག་རྟེན་དེར་ཐམས་ཅད་རང་ལ་དབང་བ་མིན་དུས། ངས་ཁྱེད་དང་ལས་འགྲོའི་འདུད་པ་མ་ཐེབས་ཀྱང་སུ་གང་ལ་ཡང་ཁ་དཀྲི་དང་སྡུག་ཡུས་ཀྱི་གཏམ་ཅི་ཡང་སྒྲོག་མི་སྲིད།   རྒྱུ་རྐྱེན་ནི་དགའ་བ་ཡོད་ཕྱིར་དབང་བ་ཡིན་མི་སྲིད་ལ། བརྩེ་བ་ཡོད་ཚད་འདུས་པ་ཐེབས་དགོས་པའང་དེ་བས་ཡོད་མི་སྲིད།  དེ་བས་ངའི་སྐྱོ་གདུང་གི་མནར་བའི་དམར་ཆུང་སྙིང་ཁར་བཅོས་དཀའ་བའི་ན་ཚས་ཕྱུག་ཀྱང་གཞན་ཡུལ་གྱེས་མཚམས་ས་འདི་ནས་ཁྱེད་ལ་ཚེ་འདིར་བདེ་སྐྱིད་ཡོང་བའི་རེ་སྨོན་དང་སེམས་འཕྲིན་རླུང་ལ་བསྐུར་ནས་ཡོད།

སྤེལ་དུས: 2013/12/22
༄༅། ། ཆུ། ཚེ་སྲོག་གི་བྱེད་པོ།
 ༄༅། ། ཆུ། ཚེ་སྲོག་གི་བྱེད་པོ།
སྤེལ་དུས: 2013/11/30
༄༅། ། བྱིས་དུས་ཀྱི་སྤྲོ་སྣང་།
 ༄༅། ། བྱིས་དུས་ཀྱི་སྤྲོ་སྣང་།
སྤེལ་དུས: 2013/11/29
༄༅། །མི་ཡུལ་གྱི་དྲོད་ཁོལ།
 ༄༅། །མི་ཡུལ་གྱི་དྲོད་ཁོལ།
སྤེལ་དུས: 2013/11/18

            འདིར་བརྩམས་ཆོས ( 109 )ཡོད།               པར་ངོས་ཐོག་མ།  གོང་མ།  པར་ངོས 9/11 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
41983408
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1