草原梦想欢迎你! |
དེ་རིང་ནི་སྤྱི་ལོ
2025
ལོའི་ཟླ
10
ཚེས
14
རེས་གཟའ་མིག་དམར་ཡིན། |
དྲ་གནས་ཉར་ཚགས། གཙོ་ངོས་སུ་འགོད་པ། ནང་འཇུག
|
 |
|
|
|
བོད་ཀྱི་རྩོམ་པ་པོ་སྐོར་ཞིག་གིས་ཡིག་ངོས་ནས་དམ་བཅས་ཏེ་༢༠༡༣ལོར་གསར་རྩོམ་བྱ་རྒྱུ་ཁས་བླངས་པ། | རྩོམ་སྒྲིག་པ། ཆོས་ཤུལ་གསང་བདག | སྤེལ་དུས། 2013/6/3 | ལྟ་ཀློག (1679) | རྩོམ་ཁུངས: | |
|
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་དང་རྩོམ་པ་པོ་གྲགས་ཅན་པད་མ་ཚེ་བརྟན་གྱི་པོད་ཕྲན་དུ་བཀོད་པ་ལྟར་ན། དེ་སྔོན་ཟི་ལིང་དུ་གནས་བཅས་པའི་བོད་ཀྱི་རྩོམ་པ་པོ་སྐོར་ཞིག་གིས་ཡིག་ངོས་ནས་དམ་བཅའ་བའི་ཚུལ་གྱིས་༢༠༡༣ལོར་རང་ལ་གསར་རྩོམ་གྱི་འགན་ཁུར་རེ་བཞག་པ་དང་གལ་སྲིད་འགན་ཁུར་དེ་མ་འགྲུབ་ན་དངུལ་ཆད་ཕོག་ཆོག་པ་བྲིས་འདུག
ད་ལྟའི་དུས་སུ། བོད་རྩོམ་གྱི་དེབ་མང་པོ་པར་དུ་བསྐྲུན་པ་དང་། པོད་ཕྲན་དང་སྐད་འཕྲིན་(Wechat)སོགས་སུ་སྙན་ངག་དང་རྩོམ་ཐུང་འབྲི་མཁན་གྱི་བོད་པ་སྔར་ལས་མང་པོ་ཡོད་ནའང་གཟབ་ནན་གྱིས་བརྩམས་སྒྲུང་འབྲི་མཁན་སྔར་ལས་ཇེ་ཉུང་དུ་སོང་ཡོད་པས་བོད་ཀྱི་དུས་དེབ་ཁག་གཅིག་ཏུ་བཀོད་པའི་བརྩམས་སྒྲུང་གི་རྒྱུ་སྤུས་སྔར་ལས་ཇེ་ཞན་དུ་གྱུར་བ་དང་། ཐ་ན་རྩོམ་སྐུལ་མ་བྱས་ཚེ་འབྲི་མཁན་མེད་པའི་གནས་ཚུལ་ཡང་འབྱུང་བཞིན་ཡོད།
ཐེངས་འདིར་ཁོང་ཚོས་བྱེད་ཐབས་དེ་འདྲ་བ་སྤྱད་ནས་རྩོམ་འབྲི་བའི་དམ་བཅའ་བཞག་པ་དེར་མང་ཆེ་ཤོས་ཀྱིས་རྒྱབ་སྐྱོར་གྱི་རྣམ་པ་སྟོན་ནའང་། བྱེད་ཐབས་ཡོངས་སུ་ཟད་པ་རེད་དང་། ཐབས་མེད་པའི་ཐབས་རེད་ཟེར་མཁན་ཡང་འདུག
པད་མ་ཚེ་བརྟན་གྱི་པོད་ཕྲན་ལས།
|
| |
གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།
|
|
འདྲེན་བཀོལ: |
|
|
|
|
|
|
འབྲེལ་གཏུག་བྱ་ཡུལ། ཁ་པར། 草原梦想15283703999 E-mail:tbmgar@163.com |
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད། |
蜀ICP备13002975号-1 |
|
|
|