ལེ་པཱ་ནུན་བྱང་ཕྱོགས་ས་ཁུལ་དུ་ཡང་བསྐྱར་ཆོས་ལུགས་ཕྱོགས་ཁག་བར་གྱི་འཁྲུག་རྩོད་བྱུང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 15 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »ལེ་པཱ་ནུན་བྱང་ཕྱོགས་ས་ཁུལ་དུ་ཡང་བསྐྱར་ཆོས་ལུགས་ཕྱོགས་ཁག་བར་ག
ལེ་པཱ་ནུན་བྱང་ཕྱོགས་ས་ཁུལ་དུ་ཡང་བསྐྱར་ཆོས་ལུགས་ཕྱོགས་ཁག་བར་གྱི་འཁྲུག་རྩོད་བྱུང་བ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/3ལྟ་ཀློག (1635)རྩོམ་ཁུངས: 

   ལེ་པཱ་ནུན་བྱང་ཕྱོགས་ས་ཁུལ་ནས་ཚེས་གཉིས་ཉིན་གྱི་དགོང་མོར་ཏི་ལེ་པའོ་ལིའི་རྒྱབ་སྐྱོར་མཁན་དང་སི་རི་ཡཱའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཕྱོགས་ཁག་བར་ཡང་བསྐྱར་དྲག་ཆས་འཁྲུག་རྩོད་བྱུང་། མིག་སྔའི་བར་དུ་འཁྲུག་རྩོད་དེ་ལས་ཉུང་མཐར་ཡང་མི་བཅུ་བདུན་ལ་རྨས་ཕོག

  མིང་བཤད་མི་འདོད་པའི་ལེ་པཱ་ནུན་གྱི་བདེ་འཇགས་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ས་དེའི་དགོང་མོའི་དུས་ཚོད་བདུན་ཡས་མས་སུ་ཏི་ལེ་པའོ་ལིའི་མུའ་ཧཱ་ཞིན་རི་ཁུལ་དུ་སི་རི་ཡཱའི་སྲིད་གཞུང་ལ་བློ་དཀར་བའི་ཨ་ལཱ་ཝེ་ཕྱོགས་ཁག་གི་དྲག་ཆས་མི་སྣ་དང་ཐཱ་པཱ་ནཱ་མིན་ས་ཁུལ་གྱི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་རྒྱབ་སྐྱོར་བྱེད་པའི་ཞོང་ནེ་ཕྱོགས་ཁག་གི་དྲག་ཆས་མི་སྣའི་བར་ཡང་བསྐྱར་འཁྲུག་རྩོད་དྲག་པོ་བྱུང་། ཕྱོགས་གཉིས་ཀྱིས་བསྟུད་བརྒྱག་མེ་མདའ་དང་ལག་འབོམ་སོགས་མཚོན་ཆ་བཀོལ་སྤྱོད་བྱས། འཁྲུག་རྩོད་བྱེད་སའི་ས་ཁུལ་དུ་བཅའ་སྡོད་བྱས་ཡོད་པའི་ལེ་པཱ་ནུན་གྱི་དམག་དཔུང་གིས་མྱུར་དུ་ཕྱོགས་གཉིས་ལ་ཕར་རྒོལ་བྱས་ཏེ་ཕྱོགས་ཁག་གཉིས་ཀྱི་འཁྲུག་རྩོད་ལ་བཀག་འགོག་བྱེད་རྩིས་བྱས།

   འཁྲུག་རྩོད་བྱུང་རྗེས། འཁྲུག་རྩོད་བྱུང་ས་དང་དེའི་ཉེ་འདབས་སུ་ཡོད་པའི་སྡོད་དམངས་འཐབ་འཁྲུག་ལ་ཡོལ་ཆེད་རང་ཁྱིམ་བསྐྱུར་ནས་ཡུལ་གཞན་དུ་བྲོས་བྱོལ་བྱས་པས། ཏི་ལེ་པའོ་ལི་དང་ལེ་པཱ་ནུན་དང་སི་རི་ཡཱའི་རྒྱལ་མཚམས་ཀྱི་ཨ་ཁཱ་ཨར་ས་ཁུལ་སྦྲེལ་བའི་གཞུང་ལམ་གཙོ་བོ་བཀག་སྡོམ་མི་བྱེད་ཐབས་མེད་བྱུང་།

བསྡོམས་རྩིས་བྱས་པ་ལྟར་ན། ཏི་ལེ་པའོ་ལིའི་ཕྱོགས་ཁག་གཉིས་བར་གྱི་འཁྲུག་རྩོད་དེ་ཟླ་ལྔ་བའི་ཚེས་བཅུ་དགུའི་ཉིན་བྱུང་བའི་ཚུན་ལ། མི་སུམ་ཅུ་ལྷག་རྐྱེན་ལམ་དུ་ཤོར་བ་དང་མི་ཉིས་བརྒྱ་དང་བཞི་བཅུ་ལྷག་ལ་རྨས་ཕོག

                                                        ཞིན་ཧྭ་གསར་འགྱུར་དྲ་བ་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
48602805
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1