ཟླ་དྲུག་པའི་ཚེས་ལྔ་ཉིན། བཟོ་བ་རྣམས་ཀྱིས་ཨ་མེ་རི་ཁའི་ཧྥེ་ཁྲིན་ནས་ཐོག་ཁང་རྡིབས་པའི་དོན་རྐྱེན་བྱུང་སར་ཞིབ་བཤེར་བྱེད་བཞིན་པ། ཨ་མེ་རི་ཁའི་བྱང་ཤར་ཕྱོགས་ཀྱི་ཧྥེ་ཁྲིན་གྲོང་ཁྱེར་ནས་ཚེས་ལྔ་ཉིན་གྱི་སྔ་དྲོར་ཐོག་ཁང་རྡིབས་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གཉིས་ལ་རྨས་ཕོག
ཨ་མེ་རི་ཁའི་བྱང་ཤར་ཕྱོགས་ཀྱི་ཧྥེ་ཁྲིན་གྲོང་ཁྱེར་ནས་ཚེས་ལྔ་ཉིན་གྱི་སྔ་དྲོར་ཐོག་ཁང་རྡིབས་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གཉིས་ལ་རྨས་ཕོག
རྡིབས་པའི་ཐོག་ཁང་དེར་བརྩེགས་རིམ་གསུམ་ནས་བཞི་ཡོད་པ་དང་། ཧྥེ་ཁྲིན་གྲོང་ཁྱེར་ལྟེ་གནས་སུ་ཡོད། ཧྥེ་ཁྲིན་མེ་གསོད་སྡེ་ཁག་ལ་ཉིན་དེའི་དུས་ཚོད་བཅུ་དང་སྐར་མ་ཞེ་གསུམ་སྟེང་སྙན་ཞུ་འབྱོར་བ་དང་། མེ་གསོད་མི་སྣ་དང་ཉེན་རྟོག་མི་སྣ། རྒུད་སྐྱོབ་མི་སྣ་བཅས་དོན་རྐྱེན་བྱུང་སར་སོང་ནས་སྔོག་བཤེར་བྱས་པར་མ་ཟད། གནས་སྐབས་སུ་དོན་རྐྱེན་བྱུང་སར་བཀག་སྡོམ་བྱས།
ས་དེའི་དཔོན་རིགས་ཀྱིས་བདེན་དཔང་བྱས་དོན། རྨས་མ་བཅུ་གཉིས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་དང་། མིག་སྔར་ད་རུང་ཉུང་མཐར་ཡང་མི་གཉིས་ཞིག་རོའི་འོག་ཏུ་མནན་ཡོད་ཟེར།
ཟླ་དྲུག་པའི་ཚེས་ལྔ་ཉིན། བཟོ་བ་རྣམས་ཀྱིས་ཨ་མེ་རི་ཁའི་ཧྥེ་ཁྲིན་ནས་ཐོག་ཁང་རྡིབས་པའི་དོན་རྐྱེན་བྱུང་སར་ཞིབ་བཤེར་བྱེད་བཞིན་པ། ཨ་མེ་རི་ཁའི་བྱང་ཤར་ཕྱོགས་ཀྱི་ཧྥེ་ཁྲིན་གྲོང་ཁྱེར་ནས་ཚེས་ལྔ་ཉིན་གྱི་སྔ་དྲོར་ཐོག་ཁང་རྡིབས་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གཉིས་ལ་རྨས་ཕོག
ཞིན་ཧྭ་གསར་འགྱུར་དྲ་བ་ལས།
|