མཚོ་སྔོན་ཞིང་ཆེན་གྱིས་དབུགས་ལམ་གཅིག་གྱུར་དང་མཉམ་དུ་འབད་བརྩོན་བྱེད་ཞེས་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་དྲིལ་སྒྲོག་བྱེད་སྒོ་སྤེལ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 5 ཚེས 15 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »མཚོ་སྔོན་ཞིང་ཆེན་གྱིས་དབུགས་ལམ་གཅིག་གྱུར་དང་མཉམ་དུ་འབད་བརྩོན
མཚོ་སྔོན་ཞིང་ཆེན་གྱིས་དབུགས་ལམ་གཅིག་གྱུར་དང་མཉམ་དུ་འབད་བརྩོན་བྱེད་ཞེས་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་དྲིལ་སྒྲོག་བྱེད་སྒོ་སྤེལ་བ།
རྩོམ་སྒྲིག་པ།  ཆོས་ཤུལ་གསང་བདག སྤེལ་དུས། 2013/6/6ལྟ་ཀློག (1649)རྩོམ་ཁུངས: 

2013ལོའི་ཟླ་དྲུག་པའི་ཚེས་ལྔ་ཉིན་ནི་སྐབས་ཞེ་གཉིས་བའི་འཛམ་གླིང་གི་ཁོར་ཁུག་ཉིན་མོ་ཡིན་པས། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱིས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཟི་ལིང་ཁོར་ཡུག་སྲུང་སྐྱོབ་ཅུའུ་སོགས་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་ཟི་ལིང་གྲོང་ཁྱེར་དཀྱིལ་སྙིང་ཐང་ཆེན་ནས་ཞིང་ཆེན་དང་ཟི་ལིང་ས་ཁུལ་གྱི་དྲུག་ལྔའི་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཉིན་མོའི་དྲིལ་སྒྲོག་བྱེད་སྒོ་སྤེལ།

ད་ལོར་ཁོར་ཡུག་སྲུང་སྐྱོབ་པུའུ་ཡིས་གཏན་འཁེལ་བྱས་པའི་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཉིན་མོའི་ཀྲུང་གོའི་བརྗོད་དོན་ནི་དབུགས་ལམ་གཅིག་གྱུར་དང་མཉམ་དུ་འབད་བརྩོན་བྱེད་ཞེས་བ་ཡིན་པ་དང་། དེའི་དམིགས་ཡུལ་ནི་སྤྱི་ཚོགས་ཡོངས་མཁའ་དབུགས་སྦག་བཙོག་ལ་འགོག་བཅོས་བྱེད་པའི་ལས་དོན་ཁྲོད་ཞུགས་ནས། མཉམ་དུ་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་འབོད་སྐུལ་གཏོང་རྒྱུ་དེ་རེད། མཚོ་སྔོན་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་བརྗོད་དོན་ནི་དབུགས་ལམ་གཅིག་གྱུར་དང་མཉམ་དུ་འབད་བརྩོན་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་སྔོན་འགྲོའི་ཁུལ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་བ་དེ་ཡིན། རེབས་འདིར་གཙོ་བོར་རབ་མཛེས་མཚོ་སྔོན་གྱི་ཁོར་ཡུག་ཇེ་ཡག་ཏུ་གཏོང་བ་ཞེས་བའི་མཁའ་དབུགས་སྦག་བཙོག་ལ་འགོག་བཅོས་བྱེད་པའི་ཆེད་དོན་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་དྲིག་སྒྲོག་དང་། སྐྱེ་ཁམས་དཔལ་ཡོན་གྱི་སྔོན་འགྲོའི་ཁུལ་འཛུགས་པར་བྱས་རྗེས་འཇོག་དགོས་ཞེས་བའི་ཆེད་དོན་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་དྲིལ་སྒྲོག ཁོར་ཡུག་སྲུང་སྐྱོབ་ཀྱི་དཔེ་སྟོན་གྲོང་ཁྱེར་གསར་སྐྲུན་བྱེད་པའི་ཐད་ཀྱི་ཆེད་དོན་དྲིལ་སྒྲོག ཞིང་ཆེན་གྱི་2013ལོའི་ཀྲུང་གོའི་ཁོར་ཡུག་དང་བདེ་ཐང་དྲིལ་སྒྲོག་གཟའ་འཁོར་སོགས་ཀྱི་བྱེད་སྒོ་སྤེལ།

                                                      མཚོ་སྔོན་གསར་འགྱུར་དྲ་བ་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K
ལྟ་ཀློག་གྲངས་ཀ
48605142
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1