ཟླ་བདུན་པའི་ཚེས་བརྒྱད་ཉིན་ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཧན་གོའི་འགྲུལ་སྐྱེལ་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཁྲོད་ནས་ཀྲུང་གོའི་སྤྱི་དམངས་ཀྱི་ཚེ་སྲོག་ཤོར་བ་དང་རྨས་ཕོག་པའི་ཐད་ནས་ཀྲུའུ་ཞི་ཞི་ཅིན་ཕེན་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ་གཤམ་གསལ་ལྟར། ཅིག་ཅིན་ཧྲན་གྱི་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཁྲོད་དུ་ཁྱེད་རྒྱལ་ཁབ་ཀྱི་སྤྱི་དམངས་འགའི་ཚེ་སྲོག་ཤོར་བ་དང་རྨས་ཕོག་པའི་གནས་ཚུལ་ཐོས་རྗེས་ང་རང་གདུང་སེམས་དྲག་པོ་སྐྱེས་སོང་། ངས་འདི་ནས་ཀྲུའུ་ཞི་ཁྱེད་རང་བརྒྱུད་དེ་ཀྲུང་གོ་རྒྱལ་ཁབ་ཀྱི་མི་དམངས་ཡོངས་དང་ཚེ་འདས་ཀྱི་ཁྱིམ་མི་ཡོངས། གཞན་རྨས་མ་རྣམ་པར་སེམས་གཏིང་ནས་འཚམས་འདྲི་ཞུས་པ་ཡིན་ལ། ཧན་གོ་སྲིད་གཞུང་གིས་ནུས་ཤུགས་གང་ཡོད་བཏོན་ནས་འབྲེལ་ཡོད་ཕྱོགས་ལ་གཞོགས་འདེགས་དམ་པོ་བྱས་ཏེ། ཐེངས་འདིའི་གནམ་གྲུའི་དོན་རྐྱེན་འབྱུང་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་འདོད་ཡོད་པར་མ་ཟད། འདས་མཇུག་བྱ་བ་བཟང་བོར་བསྒྲུབ་འདོད་ཡོད་ཟེར།
ཞིན་ཧྭ་གསར་འགྱུར་དྲ་བ་ལས།
|