ཨེ་ཅིབ་ཀྱིས་མུའུ་ཨར་ཞི་ལ་ཉེས་དོན་རྟོག་ཞིབ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »ཨེ་ཅིབ་ཀྱིས་མུའུ་ཨར་ཞི་ལ་ཉེས་དོན་རྟོག་ཞིབ་བྱེད་རྒྱུ་ཁྱབ་བསྒྲ
ཨེ་ཅིབ་ཀྱིས་མུའུ་ཨར་ཞི་ལ་ཉེས་དོན་རྟོག་ཞིབ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/7/15ལྟ་ཀློག (1716)རྩོམ་ཁུངས: པར་འདེབ།

   ཨེ་ཅིབ་ཞིབ་དཔྱོད་སྡེ་ཁག་གིས་ཚེས་བཅུ་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན། སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཨར་ཞི་དང་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་ཁོངས་མི་མང་བོར་ཉེས་དོན་རྟོག་ཞིབ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཉེས་མིང་ནི་ཕྱི་རྒྱལ་ལ་ངན་འབྲེལ་བྱས་པ་དང་། དྲག་ཤུགས་ལ་ངན་སྐུལ་བྱས་པ། རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གཏོར་བརླག་བྱས་པ་སོགས་ལ་འབྲེལ་བ་ཡོད།

   མུའུ་སི་ལིན་སྤུན་ཟླ་ཚོགས་པས་ཉེས་མིང་དེ་དག་ཁས་ལེན་མ་བྱས་པ་དང་། དབང་འཛིན་ལས་ཁུངས་ཀྱིས་དྲག་ཤུགས་འཁྲུག་རྩོད་ལ་འགན་ཁུར་དགོས་པ་དང་། ཞོར་དུ་རྒྱབ་སྐྱོར་མཁན་གྱིས་མུ་མཐུད་དུ་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱེད་དགོས་པའི་སྐུལ་མ་བཏང་།

   ཉེས་དོན་རྟོག་ཞིབ་བྱ་ཡུལ་ཁྲོད་མུའུ་ཨར་ཞི་དང་། མུའུ་སི་ལིན་སྤུན་ཟླ་ཚོགས་པའི་ཁྲིད་སྟོན་པ་པཱ་ཏིས་ཡཱ། དེ་མིན་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་ཁོངས་མི་བདུན། གཞན་ཡང་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་རྒྱབ་སྐྱོར་མཁན་རེ་འགའ་བཅས་ཡོད།

   ཨེ་ཅིབ་ཞིབ་དཔྱོད་ཁང་གིས་བཤད་རྒྱུར། ཞིབ་དཔྱོད་ཁང་ལ་འབྱོར་བའི་ཞུ་གཏུག་ལྟར་ན། གོང་གི་མི་སྣ་དེ་དག་གིས་ཕྱི་རྒྱལ་ལ་ངན་འབྲེལ་བྱས་ཏེ་ཨེ་ཅིབ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གཏོར་བརླག་བྱས་པ་དང་། དྲག་ཤུགས་ལ་ངན་སྐུལ་བྱས་ཏེ་ཞི་བའི་ཁྲོམ་སྐོར་མཁན་དམར་གསོད་བྱས་པ་མ་ཟད། མཚོན་ཆ་དང་འགད་རྫས་བཀོལ་ནས་དམག་སྒར་ལ་འཇབ་རྒོལ་བྱས་པ་དང་། ཨེ་ཅིབ་ཀྱི་དཔལ་འབྱོར་ལ་གནོད་པ་བཏང་ཡོད་ཟེར།

ཞིབ་དཔྱོད་ཁང་གིས་ཞུ་གཏུག་དེ་སུས་སྤྲད་པ་གསལ་བཤད་མ་བྱས། ཨེ་ཅིབ་ཀྱི་བཅའ་ཁྲིམས་ལྟར་ན། ཞུ་གཏུག་ནི་ཉེན་རྟོག་ཕྱོགས་དང་ཨེ་ཅིབ་ཀྱི་སྤྱི་དམངས་གང་རུང་གིས་བཏོན་ཆོག་པ་རེད།

   ཨེ་ཅིབ་དམག་ཕྱོགས་ཀྱིས་ཟླ་འདིའི་ཚེས་གསུམ་ཉིན་མུའུ་ཨར་ཞི་ཡིས་ལས་འགན་བསྐྱུར་བ་ཁྱབ་བསྒྲགས་བྱས་རྗེས་མུའུ་ཨར་ཞི་གསང་བའི་གནས་ཤིག་ཏུ་བཀག་འཇུག་བྱས་ཡོད།དེ་ལས་གཞན་ཞིབ་དཔྱོད་ཁང་གིས་མུ་མཐུད་དུ་ཉིས་སྟོང་བཅུ་གཅིག་ལོའི་ཨེ་ཅིབ་ཀྱི་གནས་བབ་ཟང་ཟིང་བྱུང་བའི་སྐབས་སུ། མུའུ་ཨར་ཞི་དང་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་མཐོ་རིམ་མི་སྣ་སུམ་ཅུ་ཡིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ལ་བརྟེན་ནས་བཙོན་ཁང་ནས་བྲོས་བྱོལ་བྱེད་པར་རོགས་རམ་བྱས་མིན་ལ་རྟོག་ཞིབ་བྱེད་རྒྱུ་རེད། དེའི་སྔོན་ཞིབ་དཔྱོད་ཁང་གིས་པཱ་ཏིས་ཡཱ་སོགས་མུའུ་སི་ལིན་སྤུན་ཟླ་ཚོགས་པའི་མཐོ་རིམ་མི་སྣ་འགའ་འཛིན་བཟུང་བྱེད་རྒྱུའི་བཀའ་རྒྱ་བཏང་བ་དང་། ཁོ་ཚོས་དྲག་ཤུགས་ལ་ངན་སྐུལ་བྱས་པར་སྐྱོན་འཛུགས་བྱས། ཡིན་ན་ཡང་ད་ལྟའི་བར་དེ་དག་འཛིན་བཟུང་བྱེད་ཐུབ་མེད།

                                                     ཞིན་ཧྭ་གསར་འགྱུར་དྲ་བ་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
if7l བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50471107
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1