མཚོ་སྔོན་ཞིང་ཆེན་གྱིས་ནོར་སྲིད་ཐད་ནས་མ་དངུལ་སྒོར་མོ་དུང་ཕྱུར་བཞི་བཏང་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ཐད་ལ་བཀོལ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 16 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »མཚོ་སྔོན་ཞིང་ཆེན་གྱིས་ནོར་སྲིད་ཐད་ནས་མ་དངུལ་སྒོར་མོ་དུང་ཕྱུར
མཚོ་སྔོན་ཞིང་ཆེན་གྱིས་ནོར་སྲིད་ཐད་ནས་མ་དངུལ་སྒོར་མོ་དུང་ཕྱུར་བཞི་བཏང་ནས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་ཐད་ལ་བཀོལ་བ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/7/15ལྟ་ཀློག (1721)རྩོམ་ཁུངས: པར་འདེབ།

   ད་ལོ་ནི་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བའི་བཟོ་སྐྲུན་སྐོར་དང་པོ་མཇུག་རྫོགས་པའི་ལོ་ཡིན་པ་དང་། འཛུགས་སྐྲུན་ལས་འགན་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་སྤྱིའི་འཆར་གཞི་དང་། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་གསུམ་ལོའི་གཙང་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་དངུལ་གཏོང་འཆར་གཞི་ལྟར། ཞིང་ཆེན་ནོར་སྲིད་ཀྱིས་ཉེ་ལམ་མར་བཏང་བའི་ཆེད་སྤྱོད་མ་དངུལ་སྒོར་མོ་དུང་ཕྱུར་བཞི་བོ་དེ་གཙོ་བོ་བརླན་སར་སྲུང་སྐྱོབ་བྱེད་པ་དང་། ས་ནག་ཐང་གི་རྒྱ་ཁྱོན་བཅོས་སྐྱོང་བྱེད་པ། རི་བཀག་ནས་ནགས་སྐྲུན་པའི་ཐད་ལ་བཀོལ་རྒྱུ་ཡིན་པ་དང་། དེ་མིན་དོ་དམ་སྒྲིག་ཆས་སྲུང་སྐྱོབ་དང་ནུས་པ་འཛུགས་སྐྲུན། ཚན་རྩལ་འདེགས་སྐྱོར་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་བཅས་ཀྱི་ལས་གཞི་འཛུགས་སྐྲུན་བྱེད་པའི་ཐད་ལ་བཀོལ་རྒྱུ་རེད།

  གསར་འགོད་པས་ཚེས་བཅུ་གཉིས་ཉིན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་པའི་ཚུན་ལ། མ་དངུལ་སྒོར་མོ་ཐེར་འབུམ་བདུན་དང་དུང་ཕྱུར་གཉིས་བྱེ་བ་ལྔ་གཏོང་བའི་ལས་འགན་ཡོངས་འགྲུབ་བྱས། རིགས་ཆེན་པོ་གསུམ་ནང་གི་འཆར་འགོད་ལས་གཞི་ཉེར་གཉིས་ཀྱི་ཁྲོད་དུ། ནུས་ཁུངས་འཛུགས་སྐྲུན་དང་། ནགས་ཚལ་དང་རྩྭ་སའི་མེ་སྐྱོན་སྔོན་འགོག ཨ་བྲའི་གནོད་འཚེ་སྔོན་འགོག རྨོ་བསྐྱུར་ནགས་སྐྲུན། བྱེ་ཐང་ཅན་གྱི་ས་ཞིང་སྔོན་འགོག མིས་ཐབས་ཀྱིས་ཆར་འབབ་དུ་འཇུག་པ། གྲོང་བརྡལ་ཆུང་བ་འཛུགས་སྐྲུན། སྐྱེ་ཁམས་གནས་སྤོར་ཡུལ་མི་སོགས་བཟོ་སྐྲུན་གལ་ཆེན་གྱི་ལས་གཞི་བརྒྱད་ཀྱི་འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་པ་དང་། དེའི་ནང་གི་ལས་གཞི་གཞན་དག་ཚང་མ་འཆར་གཞི་ལྟར་སྤེལ་བཞིན་ཡོད།

                                                      མཚོ་སྔོན་གསར་འགྱུར་དྲ་བ་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtm0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50484222
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1