དབྱི་རག་གི་བཙོན་ཁང་གཉིས་ལ་འཇབ་རྒོལ་ཐེབས་ཏེ་བཙོན་མ་ལྔ་བརྒྱ་ལྷག་བྲོས་བྱོལ་བྱས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 16 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »དབྱི་རག་གི་བཙོན་ཁང་གཉིས་ལ་འཇབ་རྒོལ་ཐེབས་ཏེ་བཙོན་མ་ལྔ་བརྒྱ་ལྷ
དབྱི་རག་གི་བཙོན་ཁང་གཉིས་ལ་འཇབ་རྒོལ་ཐེབས་ཏེ་བཙོན་མ་ལྔ་བརྒྱ་ལྷག་བྲོས་བྱོལ་བྱས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/7/24ལྟ་ཀློག (1719)རྩོམ་ཁུངས: པར་འདེབ།

   དབྱི་རག་ནང་སྲིད་པུའུ་ཡིས་ཚེས་ཉེར་གཉིས་ཉིན་བདེན་དཔང་བྱས་དོན། རྒྱལ་ས་པཱ་ཀི་ཏཱ་ནུབ་ངོས་དང་བྱང་ཕྱོགས་ཀྱི་བཙོན་ཁང་གཉིས་ལ་ཚེས་ཉེར་གཅིག་ཉིན་དུས་མཉམ་དུ་འཇབ་རྒོལ་ཐེབས་ཏེ། རྟེན་གཞི་རྩ་འཛུགས་ཀྱི་ཁོངས་མི་དང་བཅས་པའི་བཙོན་མ་ལྔ་བརྒྱ་ལྷག་གོ་སྐབས་དེ་དང་བསྟུན་ནས་བྲོས་བྱོལ་བྱས་ཟེར།

དྲག་ཆས་མི་སྣས་སྒྱོགས་མདེལ་དང་རླངས་འཁོར་འགས་གཏོར་སོགས་འཇབ་རྒོལ་བྱེད་ཐབས་སྣ་ཚོགས་སྤྱད་པ་དང་། དབྱི་རག་བདེ་འཇགས་དམག་དཔུང་བར་དུས་ཚོད་བཅུའི་རིང་འཁྲུག་རྩོད་བྱས་པ་དང་། ཕྱི་ཕྱོགས་ཀྱིས་དབྱི་རག་གི་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བདེ་འཇགས་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད།

    དབྱི་རག་གི་བདེ་འཇགས་དཔོན་པོས་བཤད་པ་ལྟར་ན། ས་དེའི་ཚེས་ཉེར་གཅིག་ཉིན་གྱི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་ཡས་མས་སུ། དྲག་ཆས་མི་སྣས་མེ་སྒྱོགས་བཀོལ་ནས་པཱ་ཀ་ཏའི་བྱང་ངོས་ཀྱི་ཐཱ་ཅི་བཙོན་ཁང་དང་པཱ་ཀ་ཏཱའི་ནུབ་ངོས་ཀྱི་ཨ་པུའུ་ཀི་ལི་པུའུ་བཙོན་ཁང་ལ་དུས་མཉམ་དུ་འཇབ་རྒོལ་བྱས། ཅང་མ་འགོར་བར་རང་སྲོག་གཅོད་པའི་འཇབ་རྒོལ་མཁན་གྱིས་འགད་རྫས་གང་དྲུད་པའི་རླངས་འཁོར་བསྐོར་ནས་བཙོན་ཁང་གི་སྒོ་ཁར་སོང་སྟེ་འགས་གཏོར་བཏང་ནས་བཙོན་མ་ཕྱིར་འགྲོ་བར་གོ་སྐབས་སྦྱིན། དྲག་ཆས་མི་སྣ་སྐོར་ཞིག་གིས་མེ་སྒྱོགས་དང་མེ་ཤུགས་འཕུར་མདའ་བཀོལ་ནས་བཙོན་སྲུང་མི་སྣར་འཇབ་རྒོལ་བྱས་པ་དང་། དྲག་ཆས་མི་སྣ་གཞན་དག་གིས་ཉེ་འདབས་ཀྱི་གཞུང་ལམ་གཙོ་བོའི་སྟེང་ས་བབ་བཟང་བོ་བཟུང་སྟེ། པཱ་ཀ་ཏཱ་ནས་རོགས་སྐྱོར་བྱེད་དུ་ཡོང་བའི་བདེ་འཇགས་དམག་དཔུང་ལ་བཀག་འགོག་བྱས། དྲག་ཆས་མི་སྣ་འགའ་བཙོན་ཁང་དུ་སོང་ནས་བཙོན་མ་ཕྱིར་འབྲོ་བར་རོགས་རམ་བྱས་པ་རེད།

དབྱི་རག་དཔོན་རིགས་ཀྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་དུས་ཚོད་བཅུ་ཙམ་ལ་འཁྲུག་རྩོད་བྱས་པ་དང་། ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར་བདེ་འཇགས་དམག་དཔུང་གིས་ད་གཟོད་གྱེན་འཕུར་གནམ་གྲུའི་རོགས་སྐྱོར་འོག་གནས་བབ་ལ་ཚོད་འཛིན་བྱས། ཡིན་ན་ཡང་བཙོན་མ་བརྒྱ་ཕྲག་འགའ་བཙོན་ཁང་ལས་ཕྱིར་བྲོས། བདེ་འཇགས་དམག་དཔུང་དང་འཇབ་རྒོལ་མཁན་སོ་སོར་མི་ཉེར་ལྔ་དང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར།

དབྱི་རག་གྲོས་ཁང་བདེ་འཇགས་དང་འགོག་སྲུང་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཀྲ་མུས་ལེ་ཡིས་གསར་འགོད་པར་བཤད་རྒྱུར། མི་ལྔ་བརྒྱ་ལྷག་བཙོན་ཁང་ནས་ཕྱིར་བྲོས་པ་དང་། མང་ཤོས་ནི་རྟེན་གཞི་རྩ་འཛུགས་ཀྱི་མཐོ་རིམ་ཁོངས་མི་ཡིན་ལ། སྲོག་ཁྲིམས་བཅད་ཡོད་ཟེར།

                                                      ཞིན་ཧྭ་གསར་འགྱུར་དྲ་བ་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50484326
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1