མེ་འཁོར་ལྕགས་ལམ་ལས་བརྒལ་བའི་ཡུལ་དངོས་རྣམ་པ།
ཚེས་ཉེར་བཞིའི་ཉིན་སི་ཕན་གྱི་འགྲུལ་སྐྱེལ་མེ་འཁོར་ཞིག་ལྕགས་ལམ་ལས་བརྒལ་བའི་དོན་རྐྱེན་བྱུང་བ་དང་། མིག་སྔར་མི་ང་དྲུག་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་མི་བདུན་ཅུ་ཙམ་ལ་རྨས་ཕོག་ཡོད། དེའི་ནང་མི་ཉི་ཤུ་ལྷག་གི་རྨས་སྐྱོན་ཚབས་ཆེན་རེད།
མེ་འཁོར་དེ་ཚེས་ཉེར་བཞི་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་དང་སྐར་མ་ཞེ་གཉིས་ཡས་མས་སུ། མཱ་ཏི་ལི་ནས་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཧྥེ་ལོ་ཨར་དུ་བགྲོད་པའི་ལམ་བར་ནས་ལྕགས་ལམ་ལས་བརྒལ་བའི་དོན་རྐྱེན་བྱུང་བ་རེད།
དེ་ནི་སི་ཕན་གྱི་ལོ་རྒྱུས་སྟེང་ཆེས་ཚབས་ཆེ་བའི་ལྕགས་ལམ་དོན་རྐྱེན་ཞིག་ཡིན་པ་དང་། མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན།
ཉིས་སྟོང་བཞི་ལོའི་ཟླ་གསུམ་པར། སི་ཕན་གྱི་མཱ་ཏི་ལི་ནས་མེ་འཁོར་འགས་གཏོར་བྱུང་བའི་དོན་རྐྱེན་ཞིག་བྱུང་སྟེ། མི་བརྒྱ་དང་གོ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གཅིག་དང་བརྒྱད་བརྒྱ་ལྷག་ལ་རྨས་ཕོག་པ་རེད།
ཞིན་ཧྭ་གསར་འགྱུར་དྲ་བ་ལས།
|