དབྱི་རག་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་པོ་བྱུང་ནས་མི་སོ་དགུ་རྐྱེན་ལམ་དུ་ཤོར་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »དབྱི་རག་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་པོ་བྱུང་ནས་མི་སོ
དབྱི་རག་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་པོ་བྱུང་ནས་མི་སོ་དགུ་རྐྱེན་ལམ་དུ་ཤོར་བ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/24ལྟ་ཀློག (1695)རྩོམ་ཁུངས: པར་འདེབ།

    དབྱི་རག་ནང་སྲིད་པུའུ་དང་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། དབྱི་རག་ནས་ཉིན་དེར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་པོ་བྱུང་ནས། ཉུང་མཐར་ཡང་མི་སོ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་དོན་གཉིས་ལ་རྨས་ཕོག་ཟེར།

   དབྱི་རག་ནང་སྲིད་པུའུ་ཡི་མི་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། རང་སྲོག་གཅོད་མཁན་གྱི་འཇབ་རྒོལ་པ་ཞིག་ཉིན་དེའི་དགོང་མོར་རྒྱལ་ས་པ་ཀི་ཏའི་བྱང་ཕྱོགས་ཀྱི་ཁ་ཞི་ལ་ས་ཆའི་གནས་སྐོར་པ་མང་བོ་ཡོད་སའི་གླིང་ཀ་ཞིག་གི་ནང་དུ་སོང་ནས། ལུས་སྟེང་གི་འགད་རྫས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་ཉེར་བརྒྱད་བསད་པ་དང་། མི་སོ་དྲུག་རྨས། མིག་སྔར་མྱུར་སྐྱོབ་བྱ་བ་སྒྲུབ་བཞིན་པའི་སྒང་ཡིན་ལ། ཤི་རྨས་ཀྱི་མི་གྲངས་ད་དུང་ཇེ་མང་ལ་འགྲོ་སྲིད་ཟེར།

   ས་དེའི་ཉེན་རྟོག་པ་ཞིག་གིས་བཤད་པ་ལྟར་ན། རང་སྲོག་གཅོད་མཁན་གྱི་འཇབ་རྒོལ་པ་གཞན་ཞིག་གིས་ཉིན་དེའི་དགོང་མོར་ནང་དུ་འགད་རྫས་བཞག་པའི་རླངས་འཁོར་ཆེན་པོ་ཞིག་བསྐོར་ཏེ་བྱང་ཕྱོགས་ཀྱི་གྲོང་ཁྱེར་མོ་སུའུ་ཨར་གྱི་ཉེན་རྟོག་སྤྱི་ཁྱབ་པུའུ་ཡི་སྒོ་ཆེན་ལ་བརྡུངས་པ་མ་ཟད་འགད་རྫས་འགས་གཏོར་བཏང་ནས། ཉུང་མཐར་ཡང་མི་གཉིས་བསད་པ་དང་། མི་བཅུ་རྨས། དེས་མི་ཚད་མོ་སུའུ་ཨར་ནས་ཉིན་དེར་ད་དུང་འགས་གཏོར་འཇབ་རྒོལ་དོན་རྐྱེན་གཉིས་བྱུང་སྟེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག་ཟེར།

   ཉིན་དེའི་སྔ་མོར། པ་ཀི་ཏ་དང་མཐའ་འཁོར་ས་ཁུལ་ནས་ད་དུང་འགས་གཏོར་དང་འཇབ་རྒོལ་དོན་རྐྱེན་མང་པོ་བྱུང་ནས། བསྡོམས་པས་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་བརྒྱད་ལ་རྨས་ཕོག

                           མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
c91f བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50465818
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1