ཉེ་ཆར། སི་ཁྲོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི2013ལོའི་སི་ཁྲོན་ནུབ་རྒྱུད་བོད་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཨར་ལས་རྣམ་གྲངས་ཀྱི་སྙན་ཞུ་ལ་དངོས་སུ་མཆན་བཀོད་བཀའ་ལེན་གནང་བ་དང་དེའི་ཐོག་ནས་སི་ཁྲོན་ནུབ་རྒྱུད་བོད་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཨར་ལས་ཀྱི་ལས་ཀ་དཀར་མཛེས་ཁུལ་་དུ་དངོས་སུ་ལག་བསྟར་བྱེད་མགོ་ཚུགས་པ་མཚོན་ཡོད།
2013ལོར་དཀར་མཛེས་ཁུལ་དུ་ལག་བསྟར་བྱེད་པའི་སི་ཁྲོན་ནུབ་རྒྱུད་བོད་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ཨར་ལས་ཀྱི་རྣམ་གྲངས་དེ་སེར་ཤུལ་དང་། གསེར་ཐར། སྡེ་དགེ དཀར་མཛེས། ལི་ཐང་། འདབ་པ་བཅས་རྫོང་དྲུག་དང་འབྲེལ་བ་ཡོད་པ་དང་། འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ནི་བརླན་ས་ཉམས་གསོ་དང་། རྩྭ་ས་ཉམས་གསོ་བྱེད་པ། བྱེ་འགྱུར་གྱི་ས་ཞིང་བཅོས་སྐྱོང་བྱེད་རྒྱུ་བཅས་ཡིན། རྣམ་གྲངས་དེའི་ཐད་སྤྱིའི་མ་དངུལ་སྒོར་དུར་ཕྱུར་གསུམ་དང་བྱེ་བ་ལྔ་ས་ཡ་བརྒྱད་འབུམ་ལྔ་ཁྲི་གཉིས་ལྷག་གཏོང་རྒྱུ་ཡིན་པ་དང་། དེའི་ནང་བརླན་ས་ཉམས་གསོ་ལ་སྒོར་བྱེ་བ་བཞི་དང་ཁྲི་གཉིས་ལྷག་དང་། རྩྭ་ཐང་ཉམས་གསོ་བྱེད་རྒྱུའི་ཐད་ལ་སྒོར་བྱེ་བ་ལྔ་ས་ཡ་བརྒྱད་འབུམ་ལྔ་དང་། བྱེ་འགྱུར་གྱི་ས་ཞིང་བཅོས་་སྐྱོང་ཐད་སྒོར་བྱེ་བ་གཉིས་ས་ཡ་དྲུག་ལྷག་གཏོང་རྒྱུ་རེད།
ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལས།
|