ཉེ་ལམ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་བུད་མེད་ལས་བཟོ་བའི་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་ཆེད་མཁས་པ་གདན་དྲངས་ཏེ་ཁེ་ལས་ལས་དོན་སྡེ་ཁག་སྣ་ཚོགས་སུ་སོང་སྟེ། བུད་མེད་ལས་བཟོ་བ་སྟོང་གཅིག་དང་བདུན་བརྒྱ་ལྷག་ལ་འཕྲོད་བསྟེན་བདེ་སྲུང་སྐོར་གྱི་ཤེས་བྱ་ཁྲིད་དེ། རྒྱ་ཆེའི་བུད་མེད་ལས་བཟོ་བ་རྣམས་ཀྱིས་མོ་ནད་འགོག་བཅོས་བྱེད་པའི་ཤེས་བྱར་སྔར་ལས་རྒྱུས་ལོན་བྱེད་པ་དང་། བུད་མེད་ལས་བཟོ་བའི་བདེ་སྲུང་གི་འདུ་ཤེས་ཇེ་ཆེར་གཏོང་བར་སྐུལ་འདེད་ཀྱི་ནུས་པ་བཟང་བོ་བཏོན།
ཤེས་པ་ལྟར་ན། ཐེངས་འདིའི་བདེ་སྲུང་ཤེས་བྱའི་འཆད་ཁྲིད་དེ་སྔ་གཞུག་ཏུ་ཐེངས་ཞེ་གཉིས་ལ་བསྒྲུབ་རྒྱུ་ཡིན་ལ། བུད་མེད་ལས་བཟོ་བ་སུམ་སྟོང་ལྔ་བརྒྱ་དང་སུམ་ཅུ་ལྷག་འཆད་ཁྲིད་ལ་ཞུགས་རྒྱུ་རེད།
མཚོ་སྔོན་གསར་འགྱུར་དྲ་བ་ལས།
|