མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྫས་འགྱུར་མཚོན་ཆ་རྟོག་ཞིབ་ཚན་ཆུང་གི་རླངས་འཁོར་རུ་ཁག་ལ་ཐེངས་མང་པོར་མེ་མདའི་འཇབ་རྒོལ་ཐེབས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྫས་འགྱུར་མཚོན་ཆ་རྟོག་ཞིབ་ཚན་ཆུང་གི་
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྫས་འགྱུར་མཚོན་ཆ་རྟོག་ཞིབ་ཚན་ཆུང་གི་རླངས་འཁོར་རུ་ཁག་ལ་ཐེངས་མང་པོར་མེ་མདའི་འཇབ་རྒོལ་ཐེབས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/27ལྟ་ཀློག (1697)རྩོམ་ཁུངས: པར་འདེབ།

     མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡའི་རྫས་འགྱུར་མཚོན་ཆའི་གནད་དོན་ཞིབ་བཤེར་ཚན་ཆུང་ཚེས་ཉེར་དྲུག་ཉིན་རླངས་འཁོར་ལ་བསྡད་དེ། སི་རི་ཡའི་རྒྱལ་ས་ཏ་མ་སི་ཁུའི་འདབས་རོལ་གྱི་རྫས་འགྱུར་མཚོན་ཆ་བཀོལ་སར་ཞིབ་བཤེར་བྱེད་དུ་སོང་། ལམ་བར་དུ་རླངས་འཁོར་རུ་ཁག་ལ་སུ་ཡིན་མི་ཤེས་པའི་མི་སྣས་ཐེངས་མང་པོར་མེ་མདས་བརྒྱབ་སྟེ་འཇབ་རྒོལ་བྱས།

    ཚེས་ཉེར་ལྔ་ཉིན་སི་རི་ཡའི་ཕྱི་འབྲེལ་པུའུ་རྫས་འགྱུར་རྟོག་ཞིབ་ཚན་ཆུང་རྫས་འགྱུར་མཚོན་ཆ་བཀོལ་སར་རྟོག་ཞིབ་བྱེད་དུ་འགྲོ་རུ་འཇུག་པར་འཐད་པ་བྱུང་། རྟོག་ཞིབ་ཚན་ཆུང་གི་ཁོངས་མི་རྣམས་ཚེས་ཉེར་དྲུག་ཉིན་རླངས་འཁོར་དྲུག་ལ་བསྡད་དེ་རྟོག་ཞིབ་བྱེད་པར་སོང་། ཁོ་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟགས་ཡོད་པའི་མདེལ་འགོག་ལྭ་བ་གྱོན་ནས་གཟའ་འཁོར་གཅིག་རིང་ལ་བསྡད་པའི་མགྲོན་ཁང་ནས་ཕྱིར་བུད་པ་དང་། སི་རི་ཡའི་བདེ་འཇགས་མི་སྣ་རླངས་འཁོར་གཞན་པ་ཞིག་ལ་བསྡད་དེ་སོང་ལ། སྨན་བཅོས་རླངས་འཁོར་ཞིག་ཀྱང་ཁོ་ཚོ་དང་འགྲོགས་ནས་སོང་།

    ཉིན་དེར་རླངས་འཁོར་རུ་ཁག་ལ་སུ་ཡིན་མི་ཤེས་པའི་མི་སྣས་མེ་མདས་བརྒྱབ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགྲིན་ཚབ་པ་ན་ཞི་ཨར་ཅི་ཡིས་རྫས་འགྱུར་མཚོན་ཆ་རྟོག་ཞིབ་ཚན་ཆུང་གི་མི་སྣ་བསྡད་ཡོད་པའི་རླངས་འཁོར་ཞིག་ལ་སུ་ཡིན་མི་ཤེས་པའི་མི་སྣས་བསམ་བཞིན་དུ་ཐེངས་མང་པོར་མེ་མདས་བརྒྱབ་པ་དང་། རླངས་འཁོར་དེ་མུ་མཐུད་དུ་བཀོལ་ཐབས་མ་སོང་བས། རྟོག་ཞིབ་ཚན་ཆུང་བདེ་འཇགས་ངང་ཕྱིར་སྲིད་གཞུང་གི་ཞིབ་བཤེར་ས་ཚིགས་སུ་ལོག་ཡིན་ལ། རླངས་འཁོར་བརྗེ་རྗེས་ཕྱིར་ས་ཁུལ་དེར་འགྲོ་རྒྱུ་ཡིན་ཟེར།

   རྟོག་ཞིབ་མི་སྣ་བསྡད་ཡོད་པའི་རླངས་འཁོར་ལ་མེ་མདའི་འཇབ་རྒོལ་ཐེབས་རྗེས། སི་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་དེ་ནི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣས་བཟོས་པའི་འཇབ་རྒོལ་རེད་ཅེས་བཤད་མོད། ཡིན་ནའང་ངོ་རྒོལ་ཕྱོགས་ཁ་གིས་འཇབ་རྒོལ་པ་ནི་སྲིད་གཞུང་ལ་དགའ་བའི་དམངས་དམག་གི་དྲག་ཆས་མི་སྣ་རེད་ཅེས་བཤད།

    དེ་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྫས་འགྱུར་མཚོན་ཆ་རྟོག་ཞིབ་ཚན་ཆུང་བསྡད་ཡོད་པའི་མགྲོན་ཁང་གི་ཉེ་འདབས་ལ་ཡང་ཚེས་ཉེར་དྲུག་ཉིན་སྒྱོགས་མདེལ་གཉིས་ཕོག སི་རི་ཡའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་འཇིགས་སྐུལ་མི་སྣས་སྒྱོགས་མདེལ་འཕངས་ཏེ་མི་གསུམ་རྨས་སོང་ཞེས་བཤད།

    ཚེས་ཉེར་དྲུག་ཉིན་གྱི་དགོང་མོར། ཀུའུ་ཐ་ཤར་ཁུལ་དུ་ཡོད་པའི་སྨན་པ་ཞིག་གིས་ལུའུ་ཐི་གསར་འགྱུར་ཁང་གི་གསར་འགོད་པར་ཁ་པར་བཏང་ནས། རྫས་འགྱུར་མཚོན་ཆ་རྟོག་ཞིབ་ཚན་ཆུང་གི་མི་སྣ་ཀུའུ་ཐ་ས་ཁུལ་དུ་ཐོན་ཡོད་པ་དང་ཁོ་རྟོག་ཞིབ་ཚན་ཆུང་དང་མཉམ་དུ་ཡོད་ཅེས་བཤད། སྨན་པ་དེའི་བཤད་ཚུལ་ལྟར་ན། རྟོག་ཞིབ་མི་སྣས་མུའུ་སི་ལིན་ཆོས་ཁང་ཞིག་གི་ནང་ནས་ཚེས་ཉེར་གཅིག་ཉིན་འཇབ་རྒོལ་ཐེབས་པའི་རྨས་མར་འཚམས་འདྲི་བྱས་པ་མ་ཟད། རྨས་མའི་ལུས་སྟེང་ནས་རྟོག་ཞིབ་ཀྱི་རྒྱུ་ཆ་བླངས་སོང་ལ། རྟོག་ཞིབ་མི་སྣས་ད་དུང་འདས་པོའི་བེམ་པོའི་སྟེང་ནས་རྟོག་ཞིབ་རྒྱུ་ཆ་ལེན་རྒྱུ་རེད་ཟེར།

      སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་མི་སྣ་ཨེ་ཧ་མད་ཏི་ཡིས་བཤད་རྒྱུར། ས་དེའི་ངོ་རྒོལ་ཕྱོགས་ཁག་གི་སྲིད་འཛིན་དཔོན་རིགས་ཀྱིས་རྟོག་ཞིབ་མི་སྣ་དང་མཉམ་དུ་བདེན་དཔང་བཙལ་བཞིན་ཡོད་ལ། རྟོག་ཞིབ་མི་སྣས་རྨས་མའི་གནས་ཚུལ་ལ་ཞིབ་བཤེར་བྱས་པར་མ་ཟད་ད་དུང་རྨས་མའི་ཁྲག་བླངས་སོང་ཟེར།

                                       མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
42t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50465818
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1