མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཕོ་ཉས་སི་རི་ཡར་དྲག་ཤུགས་བཀོལ་ན་ངེས་པར་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབང་ཆ་གནང་དགོས་ཞེས་བཤད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཕོ་ཉས་སི་རི་ཡར་དྲག་ཤུགས་བཀ
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཕོ་ཉས་སི་རི་ཡར་དྲག་ཤུགས་བཀོལ་ན་ངེས་པར་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབང་ཆ་གནང་དགོས་ཞེས་བཤད་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/29ལྟ་ཀློག (1697)རྩོམ་ཁུངས: པར་འདེབ།

    མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་མནའ་འབྲེལ་གྱི་སི་རི་ཡའི་གནད་དོན་གྱི་མཉམ་འབྲེལ་དམིགས་བསལ་འཐུས་མི་པུའུ་ལ་ཞི་མུས་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་སི་རི་ཡས་རྫས་འགྱུར་དངོས་རྫས་བཀོལ་ཏེ་མི་སྣ་བརྒྱ་ཕྲག་ཤི་རྨས་བཟོས་པ་དེ་ངོ་མ་རེད་ཟེར། དེ་དང་མཉམ་དུ་ཁོས་སི་རི་ཡར་དམག་དོན་འཇབ་རྒོལ་བྱེད་ན་སྔོན་ལ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དེར་ཆོག་མཆན་འགོད་དགོས་ཞེས་བཤད།

   ཧྥ་རན་སིའི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། པུའུ་ལ་ཞི་མུས་ཀྱིས་རི་ནེ་ཝ་ནས་གཏམ་བཤད་གནང་སྐབས་རྫས་འགྱུར་མཚོན་ཆའི་གནད་དོན་དེ་གླེང་བ་དང་། ཁོས་དངོས་རྫས་རིགས་ཤིག་བཀོལ་ནས་མི་སྣ་ཤི་རྨས་ཚབས་ཆེན་བཟོས་པ་དེ་ངོ་མ་རེད་ཅེས་བཤད།

    དེས་མི་ཚད་པུའུ་ལ་ཞི་མུས་ཀྱིས་སི་རི་ཡར་དམག་དོན་ཐེ་གཏོགས་ཀྱི་བྱེད་ཐབས་ཅི་ཞིག་སྤྱོད་ནའང་། ཐོག་མར་ངེས་པར་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་འཐད་པ་འབྱུང་དགོས། ངས་བལྟས་ན་འདིའི་ནང་དོན་རྒྱལ་སྤྱིའི་བཅའ་ཁྲིམས་ནང་དུ་གསལ་བོར་བཀོད་ཡོད་པར་འདོད་དེ། རྒྱལ་སྤྱིའི་བཅའ་ཁྲིམས་ནང་དུ་དམག་དོན་ཐེ་གཏོགས་ཅི་ཞིག་བྱེད་ནའང་ངེས་པར་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་འཐད་པ་འབྱུང་དགོས་ཞེས་བཀོད་ཡོད། ངས་གནད་དོན་ཅི་ཞིག་འབྱུང་སྲིད་པ་མི་ཤེས་མོད། འོན་ཀྱང་ཙུང་ཐུང་ཨོ་པ་མ་དང་ཨ་མེ་རི་ཁའི་སྲིད་གཞུང་གིས་མྱུར་དུ་དམག་དོན་དཔུང་འཇུག་མི་བྱེད་པར་ང་ལ་ཡིད་ཆེས་ཡོད་ཅེས་བཤད།

                                                                                      མཚོ་སྔོན་ཉིན་རེའི་ཚགས་པར་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
a7yd བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50465793
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1