ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་སི་རི་ཡའི་གནས་བབ་ཐད་ནས་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་དང་ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོར་ཁ་པར་བཏང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་སི་རི་ཡའི་གནས་བབ་ཐད
ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་སི་རི་ཡའི་གནས་བབ་ཐད་ནས་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་དང་ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོར་ཁ་པར་བཏང་བ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/30ལྟ་ཀློག (1699)རྩོམ་ཁུངས: པར་འདེབ།

    ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚེས་ཉེར་དགུ་ཉིན་སི་རི་ཡའི་གནས་བབ་ཐད་ནས་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཝེ་སི་ཐི་ཝེ་ལེ་དང་ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལ་པེ་གཉིས་ལ་ཁ་པར་བཏང་།

   ཝང་དབྱི་ཡིས་ཀྲུང་གོས་མི་སུ་ཡིན་རུང་རྫས་འགྱུར་མཚོན་ཆ་བཀོལ་བར་ངོ་རྒོལ་བྱེད་པ་དང་། སུས་རྫས་འགྱུར་མཚོན་ཆ་བཀོལ་ན་དེས་འགན་ཁུར་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་ཚན་ཆུང་གིས་སི་རི་ཡ་རུ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། རྫས་འགྱུར་མཚོན་ཆ་བཀོལ་ཡོད་མེད་དང་སུས་བཀོལ་བར་རྟོག་ཞིབ་བྱེད་པ་ནི་གནད་དོན་ཐག་གཅོད་པའི་བརྒྱུད་རིམ་ཞིག་ཡིན་ལ། གནད་དོན་འདིའི་ཐད་ནས་ལོ་རྒྱུས་ལ་འགན་འཁུར་བའི་རྣམ་འགྱུར་འཛིན་དགོས་ཞེས་ནན་གྱིས་བཤད།

    ཝང་དབྱི་ཡིས་དམག་འཁྲུག་དང་ཞི་བདེ་ལ་འབྲེལ་བའི་གནད་དོན་ཐད་ནས་ཕྱོགས་སོ་སོས་གཟབ་ནན་དང་ལུགས་མཐུན་གྱི་རྣམ་འགྱུར་འཛིན་དགོས། ཕྱོགས་གཅིག་གི་འགུལ་སྐྱོད་ཀྱིས་གནད་དོན་ཐག་གཅོད་ཐབས་མེད་པ་དང་། དེའི་ཁྲིམས་མཐུན་རང་བཞིན་ལའང་ཚང་མ་དོགས་པ་ཟ་ངེས། ཆབ་སྲིད་ཀྱི་ཐག་གཅོད་བྱེད་ཐབས་ནི་སི་རི་ཡའི་གནད་དོན་གྱི་བགྲོད་ལམ་ཉག་གཅིག་ཡིན་པས། ཕྱོགས་སོ་སོས་མུ་མཐུད་སྟོབས་ཤུགས་ཡོད་རྒུས་སི་རི་ཡའི་གནད་དོན་ཐད་ནས་རི་ནེ་ཝའི་ཚོགས་འདུ་ཐེངས་གཉིས་པ་མྱུར་དུ་བསྡུ་བར་བརྩོན་ལེན་བྱས་ཏེ། གྲོས་མོལ་བརྒྱུད་ནས་ཐབས་ལམ་འཚོལ་ཞིབ་བྱེད་དགོས་ཞེས་བསྐྱར་བསྒྲགས་བྱས།

                          མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
b80e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50465793
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1