ཨ་མེ་རི་ཁས་སི་རི་ཡའི་རྫས་འགྱུར་མཚོན་ཆའི་དོན་རྐྱེན་གྱི་དཔྱད་འཇོག་མཇུག་འབྲས་བསྒྲགས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »ཨ་མེ་རི་ཁས་སི་རི་ཡའི་རྫས་འགྱུར་མཚོན་ཆའི་དོན་རྐྱེན་གྱི་དཔྱད་འ
ཨ་མེ་རི་ཁས་སི་རི་ཡའི་རྫས་འགྱུར་མཚོན་ཆའི་དོན་རྐྱེན་གྱི་དཔྱད་འཇོག་མཇུག་འབྲས་བསྒྲགས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/31ལྟ་ཀློག (1684)རྩོམ་ཁུངས: པར་འདེབ།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡའི་རྫས་འགྱུར་མཚོན་ཆའི་རྟོག་ཞིབ་ཚན་ཆུང་གིས་རྟོག་ཞིབ་སྙན་ཞུ་མ་བྲིས་པའི་སྔོན་ལ། ཨ་མེ་རི་ཁས་ཚེས་སུམ་ཅུ་ཉིན་གསང་འཕྲིན་སྡེ་ཁག་གིས་དོན་རྐྱེན་དེར་སྤེལ་བའི་དཔྱད་འཇོག་མཇུག་འབྲས་བསྒྲགས། མཇུག་འབྲས་ལས་ཨ་མེ་རི་ཁས་སི་རི་ཡ་སྲིད་གཞུང་གིས་ཚེས་ཉེར་གཅིག་ཉིན་གྱི་ཏ་མ་སི་ཁུའི་འདབས་རོལ་གྱི་འཇབ་རྒོལ་དོན་རྐྱེན་ཁྲོད་ནས་རྫས་འགྱུར་མཚོན་ཆ་བཀོལ་བར་གཏན་ཁེལ་བྱས་ཡོད་ལ། འཇབ་རྒོལ་དོན་རྐྱེན་དེའི་ཁྲོད་ནས་མི་སེར་སྟོང་གཅིག་དང་བཞི་བརྒྱ་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་དུ་ཉུང་མཐར་ཡང་བྱིས་པ་བཞི་བརྒྱ་དང་ཉེར་དྲུག་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཉིན་དེར་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། སི་རི་ཡ་སྲིད་གཞུང་ལ་དབུས་ཤར་ས་ཁུལ་གྱི་གཞི་ཁྱོན་ཆེས་ཆེ་བའི་རྫས་འགྱུར་མཚོན་ཆའི་ལས་གཞི་ཡོད་པ་དང་། ད་ལོར་ཐེངས་མང་པོར་རྫས་འགྱུར་མཚོན་ཆ་བཀོལ་ལ། བཀོལ་སྤྱོད་ཀྱི་གཞི་ཁྱོན་ཅུང་ཆུང་ནའང་། རྫས་འགྱུར་མཚོན་ཆའི་དམིགས་འབེན་སི་རི་ཡའི་མི་སེར་ལ་གཏད་པར་ཐེ་ཚོམ་ཟ་མི་དགོས་པ་དང་། དེའི་ནང་དུ་ཚེས་ཉེར་གཅིག་ཉིན་བྱུང་བའི་རྫས་འགྱུར་མཚོན་ཆའི་དོན་རྐྱེན་ཡང་འདུ་ཟེར།

    ཁོས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་མ་བྱུང་གོང་གི་ཉིན་གསུམ་ལ། སི་རི་ཡའི་སྲིད་གཞུང་དམག་གི་འབྲེལ་ཡོད་མི་སྣས་འཇབ་རྒོལ་གྱི་གྲ་སྒྲིག་བྱས་པ་དང་། ཁོ་ཚོར་དུག་འགོག་ངོ་ཐུམས་གྱོན་དགོས་པའི་བརྡ་འབྱོར་ཡོད། ཨ་མེ་རི་ཁས་ད་དུང་རྫས་འགྱུར་མཚོན་ཆ་དྲུད་པའི་མེ་ཤུགས་འཕུར་འཕངས་པའི་དུས་ཚོད་དང་ས་གནས། མེ་ཤུགས་འཕུར་མདའ་ཕོག་པའི་དུས་ཚོད་དང་ས་གནས། མེ་ཤུགས་འཕུར་མདའ་སྲིད་གཞུང་དམག་གིས་ཚོད་འཛིན་བྱས་པའི་ས་ཁོངས་ནས་འཕངས་ཏེ། ངོ་རྒོལ་ཕྱོགས་ཁག་གིས་ཚོད་འཛིན་བྱས་པའི་ས་གནས་དང་ཡང་ན་རྩོད་གཞིར་གྱུར་པའི་ས་གནས་སུ་ཕོག་པ་བཅས་ཀྱི་གནས་ཚུལ་ཤེས་ཡོད་ཟེར།

   སྙན་ཞུ་ནང་དུ་ད་དུང་ཨ་མེ་རི་ཁས་སི་རི་ཡའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་གི་ཁ་པར་བཏང་བའི་ནང་དོན་སྒྲ་ཕབ་བྱས་ཡོད་ལ། དཔོན་རིགས་དེས་སི་རི་ཡའི་སྲིད་དབང་གིས་ཐེངས་དེའི་རྫས་འགྱུར་འཇབ་རྒོལ་དོན་རྐྱེན་བཟོས་པར་བདེན་དཔང་བྱེད་ཐུབ་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་རྟོག་ཞིབ་བྱེད་པར་སྐྲག་བཞག་པ་གསལ་བོར་བཤད་ཡོད་ཟེར།

   ཁི་ལེ་ཡིས་བཤད་རྒྱུར། སི་རི་ཡའི་རྫས་འགྱུར་མཚོན་ཆའི་དོན་རྐྱེན་དེས་ཨ་མེ་རི་ཁའི་བདེ་འཇགས་ལ་གནོད་སྐྱེལ་བ་མ་ཟད། དབྱི་སི་རལ་དང་ཅོར་ཏན། ཐུར་ཁེ། ལེ་པ་ནུན་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཡང་འཇིགས་སྣང་བཟོས་ཡོད། ཨ་མེ་རི་ཁས་གལ་ཏེ་སི་རི་ཡས་རྫས་འགྱུར་མཚོན་ཆ་བཀོལ་ཚེ་དེའི་འགན་རྩད་གཅོད་རྒྱུའི་དམ་བཅས་ཡོད་པས། འཛམ་གླིང་ཡོངས་ཀྱིས་ཨ་མེ་རི་ཁའི་རྣམ་འགྱུར་ལ་བལྟས་ཡོད་པ་དང་། དོན་དག་འདི་ཨ་མེ་རི་ཁའི་འཛམ་གླིང་སྟེང་གི་མགོ་ཁྲིད་ནུས་ཤུགས་དང་ཡིད་རྟོན་བྱེད་ཚད་ལ་འབྲེལ་བ་ཡོད་ཟེར།

      ཁོས་ཨ་མེ་རི་ཁའི་སྲིད་གཞུང་གིས་མུ་མཐུད་དུ་རྒྱལ་ཚོགས་དང་མནའ་འབྲེལ་རྒྱལ་ཁབ་བར་འབྲེལ་འདྲིས་དམ་པོ་བྱས་ཏེ། རང་གི་དུས་ཚོད་བཀོད་སྒྲིག་དང་རིན་ཐང་ལྟ་བ་ལྟར་དུ་ཨ་མེ་རི་ཁའི་ཁེ་ཕན་ལ་ཕན་པའི་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་བཤད།

    དེ་དང་མཉམ་དུ་ཁོས་དམག་དོན་བྱེད་ཐབས་ཀྱིས་འགལ་བ་ཐག་གཅོད་ཐབས་མེད་པས། མཇུག་མཐར་ད་དུང་གྲོས་མོལ་ལ་བརྟེན་ནས་ཆབ་སྲིད་ཀྱི་བྱེད་ཐབས་བརྒྱུད་དེ་གནད་དོན་ཐག་གཅོད་དགོས་ཟེར།

                                  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
ge6k བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50464754
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1