ཉེ་ལམ་ལྷ་ས་ནས་ཞང་ཀང་མཉམ་འབྲེལ་དཔེ་སྐྲུན་སྡེ་ཚོགས་ཚད་ཡོད་ཀུང་སིས་བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུའུ་ལ་འཇོན་མི་སྐྱེད་སྲིང་བྱེད་པའི་མ་དངུལ་ཞལ་འདེབས་གནང་བའི་མཛད་སྒོ་སྤེལ་བ་དང་། ཐེངས་འདིའི་འཇོན་མི་སྐྱེད་སྲིང་ལ་གནང་བའི་མ་དངུལ་སྒོར་འབུམ་གཉིས་ཡོད་པ་དང་། དེས་བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་གྱི་ཕྱག་ལས་གནང་མཁན་ལ་ཟབ་སྦྱོང་བྱེད་པའི་མ་དངུལ་གྱིས་མི་འདང་བའི་གནད་དོན་ཐག་བཅད་ནས་གསར་འགྱུར་དཔེ་སྐྲུན་ལས་ཀ་བདེ་བླག་ངང་གོང་དུ་སྤེལ་བར་སྐུལ་འདེད་བྱ་རྒྱུ་རེད།
ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལས།
|