འབར་ཁམས་རྫོང་གི་ནང་བསྟན་དགོན་སྡེ་ཡིས“དགོན་སྡེའི་དཔེ་ཁང”ཁྱོན་ཡོངས་ནས་ཁེབས་པར་བྱས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 16 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» བོད་ནང་གསར་འགྱུར། »འབར་ཁམས་རྫོང་གི་ནང་བསྟན་དགོན་སྡེ་ཡིས“དགོན་སྡེའི་དཔེ་ཁང”ཁྱོན་
འབར་ཁམས་རྫོང་གི་ནང་བསྟན་དགོན་སྡེ་ཡིས“དགོན་སྡེའི་དཔེ་ཁང”ཁྱོན་ཡོངས་ནས་ཁེབས་པར་བྱས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/8/31ལྟ་ཀློག (1722)རྩོམ་ཁུངས: པར་འདེབ།

    དགོན་སྡེའི་དཔེ་ཁང་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་དང་། དགོན་སྡེའི་གྲྭ་བཙུན་གྱིས་སྤྱི་ཚོགས་གཞི་རྩའི་སྤྱི་པའི་ཞབས་ཕྱི་ལོངས་སུ་སྤྱོད་པ་དང་དཔེ་ཀློག་ཚགས་པར་ལ་བལྟ་བའི་གཞི་རྩའི་རིག་གནས་ཁེ་དབང་ལ་སྲུང་སྐྱོབ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐུན་མོང་སྒོས་ལོངས་སུ་སྤྱོད་ཆེད། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་གི་མི་རིགས་ཆོས་ལུགས་ཅུའུ་ཡིས་རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རིག་གནས་རྒྱང་སྒྲོག་ཅུའུ་དང་མཉམ་དུ་བོད་བརྒྱུད་ནང་བསྟན་དགོན་པར་དཔེ་སྒམ་དང་དཔེ་ཆ། དེ་མིན་རྒྱ་བོད་སྐད་གཉིས་ཀྱི་པར་སྐྲུན་ཡིག་ཆ་སོགས་དགོན་སྡེའི་དཔེ་ཁང་ལས་གཞིའི་སྒྲིག་ཆས་སྒྲིག་སྦྱོར་བྱས།

དཔེ་ཆའི་ནང་དོན་ཕུན་སུམ་ཚོགས་ལ་ཏང་གི་ལམ་ཕྱོགས་བྱེད་ཐབས་སྲིད་ཇུས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྒྲིག་སྲོལ། རིག་གནས་སློབ་གསོ། རྩོམ་རིག་སྒྱུ་རྩལ། ཚན་རིག་ལག་རྩལ། འཕྲོད་བསྟེན་བདེ་སྲུང་ལ་སོགས་པའི་རིགས་མང་པོ་འདུས། དགོན་སྡེའི་དཔེ་ཁང་བཙུགས་ན་བོད་བརྒྱུད་ནང་བསྟན་གྲྭ་བཙུན་གྱིས“དཔེ་ཆ་མཐོང་དཀོན་པ་དང་དཔེ་ཆ་གཡར་དཀའ་བའི་དོན་དངོས་གནད་དོན་ཐག་གཅོད་བྱ་ཐུབ་པས། གྲྭ་བཙུན་གྱི་རིག་གནས་འཚོ་བ་ཇེ་ལེགས་སུ་གཏོང་ཐུབ། མིག་སྔའི་བར་དུ་རྫོང་ཡོངས་ཀྱི“དགོན་སྡེའི་དཔེ་ཁང”ལ་བསྡོམས་པས་དཔེ་ཆ་ཐུམ་བརྒྱད་བརྒྱ་དང་གཅིག་དང་དཔེ་སྒྲོམ་བརྒྱ་དང་དོན་བདུན་སྒྲིག་སྦྱོར་བྱས།

                           མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rogu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50484225
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1