ཨོ་པ་མ་ཡིས་སི་རི་ཡར་དམག་དོན་འགུལ་སྐྱོད་སྤེལ་བའི་འཆར་གཞི་ལ་སྤྱི་མཐུན་ཏང་གི་གཙོ་འཛིན་གྱི་རྒྱབ་སྐྱོར་ཐོབ་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »ཨོ་པ་མ་ཡིས་སི་རི་ཡར་དམག་དོན་འགུལ་སྐྱོད་སྤེལ་བའི་འཆར་གཞི་ལ་སྤ
ཨོ་པ་མ་ཡིས་སི་རི་ཡར་དམག་དོན་འགུལ་སྐྱོད་སྤེལ་བའི་འཆར་གཞི་ལ་སྤྱི་མཐུན་ཏང་གི་གཙོ་འཛིན་གྱི་རྒྱབ་སྐྱོར་ཐོབ་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/9/4ལྟ་ཀློག (1695)རྩོམ་ཁུངས: པར་འདེབ།

ཨོ་པ་མ་ཡིས་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གཙོ་འཛིན་དང་མཉམ་དུ་སི་རི་ཡའི་གནད་དོན་ལ་གྲོས་མོལ་བྱེད་བཞིན་པ།
 

   ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་སི་རི་ཡར་དྲག་ཤུགས་བཀོལ་བའི་འཆར་གཞི་ལ་ཨ་མེ་རི་ཁའི་ཆབ་སྲིད་ལས་རིགས་ཀྱི་གནད་འགག་གི་མི་སྣའི་རྒྱབ་སྐྱོར་ཐོབ། ཨ་མེ་རི་ཁའི་སྤྱི་མཐུན་ཏང་གི་མགོ་ཁྲིད་པ་པོ་ན་དང་ཆིན་ཐི་གཉིས་ཀས་ཁོ་ཚོས་ཨོ་པ་མ་ཡི་དམག་དོན་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན།

ཙུང་ཐུང་ཨོ་པ་མ་དང་ཙུང་ཐུང་གཞོན་པ་པད་ཏིན་གཉིས་ཀྱིས་གཟའ་མིག་དམར་ཉིན་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་ཏང་ཁག་གཉིས་ཀྱི་གཙོ་འཛིན་དང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལ་ཐུག་འཕྲད་བྱས། སྤྱི་མཐུན་ཏང་གི་དམངས་གྲོས་དཔོན་པོ་པོ་ན་ཡིས་ཁོས་ཨོ་པ་མ་ཡི་དམག་དོན་འགུལ་སྐྱོད་འཆར་གཞི་ལ་རྒྱབ་སྐྱོར་བྱེད་པ་ཡིན་ཞེས་བཤད། ཁོས་ཨ་མེ་རི་ཁར་ད་གཟོད་སི་རི་ཡའི་ཙུང་ཐུང་ཨ་ས་ཏི་ལ་ཆད་པ་གཅོད་པའི་ནུས་པ་ཡོད་ཅེས་བཤད་པ་དང་། ལས་གྲོགས་དག་གིས་དམག་དོན་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་རྒྱུའི་འབོད་སྐུལ་བཏང་།

    ཨོ་པ་མ་ཡིས་སི་རི་ཡའི་ཙུང་ཐུང་ཨ་ས་ཏི་ཡིས་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་གྱི་འགན་འཁུར་དགོས་ལ། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་ངའི་དམག་དོན་འགུལ་སྐྱོད་འཆར་གཞི་ལ་རྒྱབ་སྐྱོར་བྱེད་པར་ཁོར་ཡིད་ཆེས་ཡོད་ཅེས་བཤད། ཨོ་པ་མ་ཡིས་ཨ་མེ་རི་ཁའི་དམག་དོན་འགུལ་སྐྱོད་ལ་ཚད་བཀག་ཡོད་མོད། ཡིན་ནའང་དེ་དང་མཉམ་དུ་ཨ་མེ་རི་ཁས་གཞི་ཁྱོན་སྔར་ལས་ཆེན་པོའི་དམག་དོན་འགུལ་སྐྱོད་ཀྱི་ཇུས་གཞི་བཀོད་དེ། དམག་དོན་འགུལ་སྐྱོད་ཀྱི་ཤུགས་ཚད་དུས་ངེས་མེད་དུ་ཇེ་ཆེར་གཏོང་བའི་གྲ་སྒྲིག་བྱས་ཡོད་ཅེས་བཤད།

                                མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
tqiw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50465811
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1