སི་རི་ཡས་དམག་དཔུང་ཐར་ཐོར་དུ་བཏང་ནས་ཨ་མེ་རི་ཁའི་བར་སྣང་གི་འཇབ་རྒོལ་ལ་གཡོལ་བཞིན་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »སི་རི་ཡས་དམག་དཔུང་ཐར་ཐོར་དུ་བཏང་ནས་ཨ་མེ་རི་ཁའི་བར་སྣང་གི་འཇབ
སི་རི་ཡས་དམག་དཔུང་ཐར་ཐོར་དུ་བཏང་ནས་ཨ་མེ་རི་ཁའི་བར་སྣང་གི་འཇབ་རྒོལ་ལ་གཡོལ་བཞིན་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/9/5ལྟ་ཀློག (1696)རྩོམ་ཁུངས: པར་འདེབ།

      ཨ་མེ་རི་ཁའི་དཔོན་རིགས་ཤིག་གིས་ཚེས་བཞི་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་ལ་འབྱོར་བའི་གསང་འཕྲིན་ལྟར་ན། སི་རི་ཡའི་སྲིད་གཞུང་གིས་དམག་དཔུང་ཐར་ཐོར་དུ་གཏོང་བའི་འགུལ་སྐྱོད་སྤེལ་ནས། ལྕི་བའི་མཚོན་ཆ་དང་དམག་དོན་སྒྲིག་ཆས་ས་གཞན་ལ་སྤོར་བཞིན་པ་དང་མཉམ་དུ། སྒྲིག་ཆས་གཙོ་བོར་བར་སྣང་ནས་འཇབ་རྒོལ་ཐེབས་པར་འགོག་སྲུང་བྱེད་ཤུགས་ཇེ་ཆེར་བཏང་ཡོད་ཟེར།

མིག་སྔར་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་སི་རི་ཡར་དམག་དོན་འགུལ་སྐྱོད་སྤེལ་བའི་ཐད་ནས་རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་བཞིན་པའི་སྒང་ཡིན་ལ། སི་རི་ཡའི་སྲིད་གཞུང་དང་དམག་ཕྱོགས་ཀྱིས་དུས་ཚོད་རྩ་ཆེན་འདི་བེད་སྤྱད་དེ་དམག་དཔུང་ཐར་ཐོར་དུ་གཏོང་བ་དང་གནས་སྤོར་བའི་འགུལ་སྐྱོད་མྱུར་དུ་སྤེལ་བཞིན་ཡོད།

    ལེ་པ་ནུན་གྱི་དམག་དཔུང་ལས་བུད་པའི་དམག་དཔོན། དབུས་ཤར་ཆབ་སྲིད་དང་ཞིབ་འཇུག་ལྟེ་གནས་ཀྱི་མགོ་གཙོ་ཅ་པ་ཨར་གྱིས་བཤད་རྒྱུར། སི་རི་ཡའི་སྲིད་གཞུང་གིས་ས་གནས་སུམ་ཅུ་ནས་བཞི་བཅུ་ཨ་མེ་རི་ཁའི་བར་སྣང་ནས་འཇབ་རྒོལ་བྱེད་པའི་དམིགས་འབེན་དུ་འགྱུར་སྲིད་པ་ཤེས་ཡོད་ལ། ཁོ་ཚོར་གྲ་སྒྲིག་གི་དུས་ཚོད་མང་པོ་ཡོད། ཁོ་ཚོས་ཉུང་མཐར་ཡང་སྒྲིག་ཆས་ཕྱེད་ཀ་བསྣུར་བ་དང་ཡང་ན་དེར་སྲུང་སྐྱོབ་བྱས་ཡོད་པར་ང་ལ་ཡིད་ཆེས་ཡོད་ཟེར།

    སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གི་མི་སྣས་སི་རི་ཡའི་སྲིད་གཞུང་དམག་གིས་མེ་ཤུགས་འཕུར་མདའ་འཕེན་ཆས་དང་སྒྱོགས་ཆེན་སོགས་ལྕི་བའི་མཚོན་ཆ་རྣམས་གྲོང་ཁྱེར་མཐའ་འཁོར་དུ་བསྣུར་བ་མ་ཟད། སྦས་བསྐུངས་བྱེད་ས་ཐར་ཐོར་དུ་བཏང་ནས། དམག་དོན་སྒྲིག་ཆས་དེ་དག་ལ་ཨ་མེ་རི་ཁས་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མེད་བརླག་ཏུ་གཏོང་བར་དོགས་ཟོན་བྱས་ཡོད་ཟེར།

    སི་རི་ཡའི་སྲིད་གཞུང་དམག་གིས་དམག་དཔུང་སྟོབས་ཅན་དག་ཐར་ཐོར་དུ་བཏང་ནས། སྔོན་ཆད་ཀྱི་དམག་དོན་སྡོད་གནས་ནས་ས་ཁུལ་མི་འདྲ་བར་སྤར་བ་དང་། དམངས་སྤྱོད་ཁང་བ་ཁ་ཤས་དམག་དཔུང་གི་གནས་སྐབས་སྡོད་གནས་སུ་གྱུར་ཡོད།

                                  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
a70e བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50465793
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1