དབྱི་རག་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར།
དབྱི་རག་བྱང་ཕྱོགས་ཀྱི་མའོ་སུའུ་ཨར་གྲོང་ཁྱེར་ཉེ་འདབས་སུ་ཉིན་དེར་སྤེལ་བཞིན་པའི་དུར་འཇུག་མཛད་སྒོ་ཞིག་གི་སྟེང་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ།
ཉུང་མཐར་ཡང་མི་ཉེར་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་གཅིག་ལ་རྨས་ཕོག་ཟེར།
ས་གནས་ཉེན་རྟོག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར།
འཇབ་རྒོལ་དོན་རྐྱེན་དེ་ནེ་ནེ་ཝེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་མའོ་སུའུ་ཨར་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་བཅུའི་མཚམས་སུ་ཡོད་པའི་པེད་ཨ་ཧྲི་ཁཱ་གྲོང་རྡལ་ནས་བྱུང་བ་དང་།
ཉིན་དེའི་ཕྱི་དྲོར།
ཧྲི་ཡེ་ཕྱོགས་ཁག་ཏུ་གཏོགས་པའི་ཧྲ་པཱ་ཁི་རིགས་ཀྱི་མི་མང་བོ་ཞིག་དུར་འཇུག་མཛད་སྒོ་ཞིག་ལ་ཞུགས་པའི་སྐབས་སུ།
འཇབ་རྒོལ་མཁན་ཞིག་གིས་རང་ལུས་ཀྱི་འགད་རྫས་འགས་་གཏོར་བཏང་བ་རེད།
དུར་འཇུག་མཛད་སྒོར་ཞུགས་པའི་མི་མང་བོ་ཡོད་པའི་དབང་གིས་ཤི་རྨས་བྱུང་བའི་མི་གྲངས་ད་རུང་ཇེ་མང་དུ་འགྲོ་སྲིད་ཟེར།
མའོ་སུའུ་ཨར་གྲོང་ཁྱེར་དེ་རྒྱལ་ས་པཱ་ཀ་ཏཱའི་བྱང་ངོས་ཀྱི་སྤྱི་ལེ་བཞི་བརྒྱའི་མཚམས་སུ་ཡོད་པ་དང་།
མའོ་སུའུ་ཨར་དང་གྲོང་ཁྱེར་དེ་ཡོད་སའི་ནེ་ནེ་ཝེ་ཞིང་ཆེན་ནི་དབྱི་རག་གི་དྲག་ཤུགས་འཇབ་རྒོལ་རྒྱུན་དུ་འབྱུང་སའི་ས་ཁུལ་ཞིག་རེད།
དེ་ལས་གཞན་དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱ་དང་།
ནུབ་ཕྱོགས་ཀྱི་གྲོང་ཁྱེར་ལཱ་མཱ་ཏིས་སོགས་ས་ཁུལ་ནས་ཀྱང་ཉིན་དེར་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ཐེངས་མང་བྱུང་སྟེ།
བསྡོམས་པས་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་དགུ་ལ་རྨས་ཕོག
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།
|