ཞི་ཅིན་ཕེན་གྱིས་ཞའོ་བན་ཁྲང་སོགས་ལ་ཐུག་འཕྲད་གནང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »ཞི་ཅིན་ཕེན་གྱིས་ཞའོ་བན་ཁྲང་སོགས་ལ་ཐུག་འཕྲད་གནང་བ།
ཞི་ཅིན་ཕེན་གྱིས་ཞའོ་བན་ཁྲང་སོགས་ལ་ཐུག་འཕྲད་གནང་བ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/10/7ལྟ་ཀློག (1713)རྩོམ་ཁུངས: པར་འདེབ།

ཟླ་བཅུ་བའི་ཚེས་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཧིན་རྡུ་ཉི་ཞི་ཡའི་པ་ལིས་གླིང་ཕྲན་ནས་ཐའེ་ཝན་མཚོ་འགག་འགྲམ་གཉིས་ཀྱི་ཐུན་མོང་ཚོང་རའི་ཐེབས་རྩ་ཚོགས་པའི་མཚན་འཛིན་ཏུང་ཧྲི་ཀྲང་ཞའོ་བན་ཁྲང་སོགས་ལ་ཐུག་འཕྲད་གནང་བ།

 

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཟླ་བཅུ་བའི་ཚེས་དྲུག་ཉིན་གྱི་སྔ་དྲོར། ཧིན་རྡུ་ཉི་ཞི་ཡའི་པ་ལིས་གླིང་ཕྲན་ནས་ཐའེ་ཝན་མཚོ་འགག་འགྲམ་གཉིས་ཀྱི་ཐུན་མོང་ཚོང་རའི་ཐེབས་རྩ་ཚོགས་པའི་མཚན་འཛིན་ཏུང་ཧྲི་ཀྲང་ཞའོ་བན་ཁྲང་སོགས་ལ་ཐུག་འཕྲད་གནང་། ཞི་ཅིན་ཕེན་གྱིས་མཚོ་འགག་འགྲམ་གཉིས་ཕྱོགས་ཀྱིས་མཚོ་འགག་འགྲམ་གཉིས་འབྲེལ་བ་ཞི་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས་པ་དང་། མཚོ་འགག་འགག་འགྲམ་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་བཅངས་ཏེ། བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

    མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་འབྲེལ་བའི་སྐོར་གླེང་སྐབས། ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་དེ་ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་གྱི་ཁོངས་སུ་གཏོགས་ཡོད། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་གནས་བབ་འོག ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཚེ། ད་གཟོད་འགྲན་རྩོད་ལ་སྔར་ལས་ཁ་གཏད་བཟང་བོ་འཇལ་ཐུབ་པས། མཚོ་འགག་འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལམ་ལུགས་ཅན་དུ་བསྒྱུར་བར་ཤུགས་སྣོན་དགོས་པར་མ་ཟད། ཐོན་ལས་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་སྔར་ལས་མཐོང་ཆེན་བྱེད་དགོས་ཟེར།  

    ཞའོ་བན་ཁྲང་གིས་བཤད་རྒྱུར། འདས་པའི་ལོ་ལྔའི་རིང་ལ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བས་ཞི་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་མང་པོ་བླངས་ཡོད། ཆེས་གལ་ཆེ་བ་ཞིག་ནི་གོ་གཉིས་ལོའི་ཐུན་མོང་གི་ལྟ་བ་དེས་མཚོ་འགག་འགྲམ་གཉིས་ཀྱི་ལམ་ལུགས་ཅན་གྱི་གྲོས་མོལ་གྱི་རྨང་གཞི་གཏན་འཁེལ་བྱས་ནས། མཚོ་འགག་འགྲམ་གཉིས་ཀྱིས་རྒྱུན་མཐུད་སྒོས་བརྗེ་རེས་དང་གྲོས་མོལ་བྱེད་པའི་ནང་དོན་གཙོ་བོར་བསྒྱུར། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གྱི་འགྲན་རྩོད་གསར་བའི་མདུན་དུ། མཚོ་འགག་འགྲམ་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་ལམ་ལུགས་ཅན་གྱི་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

                           མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50471107
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1