ཧྥ་རན་སི་རྒྱལ་ཁབ་ཀྱིས་ཚེས་དགུ་ཉིན་བདེན་དཔང་བྱས་དོན། ཧྥ་རན་སིའི་གསར་འགོད་པ་བཞི་སི་རི་ཡཱ་ནས་བཙན་ཁྲིད་བྱས་པ་དང་། ཧྥ་རན་སིའི་སྲིད་གཞུང་གིས་ཁོ་ཚོ་སྐྱོབ་པར་བློ་བཀོད་སྣ་ཚོགས་འཐེན་བཞིན་ཡོད།
བསྒྲགས་པའི་གནས་ཚུལ་ལྟར་ན། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། ཡིག་ངོས་དང་པར་རིས་གསར་འགོད་པ་སོགས་གསར་འགོད་པ་བཞི་ཡིས་ད་ལོའི་ཟླ་དྲུག་པར་སི་རི་ཡཱ་རུ་བཅར་འདྲི་བྱེད་སྐབས་བཙན་ཁྲིད་བྱས་ཟེར།
ཧྥ་རན་སི་རྒྱལ་ཁབ་ཀྱིས་དེའི་སྔོན་བསྟན་དོན། ཧྥ་རན་སིའི་གསར་འགོད་པ་གཉིས་སི་རི་ཡཱ་ནས་བཙན་ཁྲིད་བྱས་པར་བཤད་ཀྱང་། ཧྥ་རན་སིའི་ཙུང་ལི་ཨེ་ལོ་ཡིས་ཚེས་དགུ་ཉིན་བཅར་འདྲི་དང་ལེན་བྱེད་སྐབས་མཉམ་མ་བཞག་པར་མི་གཏའ་གཞན་པ་གཉིས་ཀྱི་ཐོབ་ཐང་བཤད་པས། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཧྥ་རན་སིའི་གསར་འགོད་པ་བཞི་སི་རི་ཡཱ་ནས་བཙན་ཁྲིད་བྱས་པ་ཁས་ལེན་མི་བྱེད་ཐབས་མེད་བྱུང་།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།
|