ལའོ་ཝའོ་ཡི་འགྲུལ་སྐྱེལ་གནམ་གྲུ་ཞིག་སར་ལྷུང་སྟེ་མི་ཞེ་དགུ་རྐྱེན་ལམ་དུ་ཤོར་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »ལའོ་ཝའོ་ཡི་འགྲུལ་སྐྱེལ་གནམ་གྲུ་ཞིག་སར་ལྷུང་སྟེ་མི་ཞེ་དགུ་རྐྱ
ལའོ་ཝའོ་ཡི་འགྲུལ་སྐྱེལ་གནམ་གྲུ་ཞིག་སར་ལྷུང་སྟེ་མི་ཞེ་དགུ་རྐྱེན་ལམ་དུ་ཤོར་བ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/10/17ལྟ་ཀློག (1709)རྩོམ་ཁུངས: པར་འདེབ།

ས་དེའི་མང་ཚོགས་ཀྱིས་བླངས་པའི་གནམ་གྲུ་སར་ལྷུང་སའི་པར་རིས།

    ལའོ་ཝའོ་མཁའ་འགྲུལ་ཀུང་ཟིའི་ལའོ་ཝའོ་རྒྱལ་ས་ཝན་ཞང་ནས་ལྷོ་ཕྱོགས་ཀྱི་ཀྲན་པཱ་སེ་ཞིང་ཆེན་གྱི་པཱ་སི་གྲོང་ཁྱེར་དུ་འཕུར་བཞིན་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་སྟེང་མར་འབབ་སྐབས་མེ་ཀུང་གཙང་བོའི་ནང་ལྷུང་ཟེར། ཐེ་གོའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་དྲུག་ཉིན་བསྟན་དོན། གནམ་གྲུའི་སྟེང་དུ་འགྲུལ་བ་ཞེ་བཞི་དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་ལྔ་ཡོད་པ་ཚང་མ་རྐྱེན་ལམ་དུ་ཤོར་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། ཤི་བོའི་ཁྲོད་ཀྲུང་གོའི་མི་གཉིས་ཡོད་ཟེར།

     ལའོ་ཝའོ་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་དེ་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་ཞེ་ལྔའི་སྟེང་ཝན་ཞང་གྱི་ཝ་ཏའེ་རྒྱལ་སྤྱིའི་གནམ་གྲུའི་ཐང་ནས་འཕུར་བ་དང་། ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞིའི་ཡས་མས་སུ་པཱ་སི་རུ་འབྱོར་སྲིད། ནམ་ཟླའི་མི་བཟང་བའི་དབང་གིས་གནམ་གྲུ་དེ་སར་འབབ་ལ་ཉེ་བའི་སྐབས་སུ་མེ་ཀུང་གཙང་བོའི་ནང་ལྷུང་བ་རེད་ཟེར།

    བསྒྲགས་པའི་གནས་ཚུལ་ལྟར་ན། པཱ་སི་དེ་ཝན་ཞང་ལྷོ་ཕྱོགས་ཀྱི་སྤྱི་ལེ་བདུན་བརྒྱའི་མཚམས་སུ་ཡོད་པ་དང་། ལའོ་ཝའོ་ཡི་རྨང་གཞིའི་སྒྲིག་ཆས་ཅུང་ཞན་པའི་དབང་གིས་དུས་བཅད་ལྟར་ཝན་ཞང་དང་པཱ་སིའི་བར་འགྲོ་འོང་བྱེད་པའི་གནམ་གྲུ་ནི་གནམ་གྲུ་ཆུང་བ་ཡིན་ལ། ཐེངས་འདིར་དོན་རྐྱེན་བྱུང་བ་དེ་ཡང་གནམ་གྲུ་ཆུང་བ་ཞིག་རེད་ཟེར།

འགྲུལ་སྐྱེལ་གནམ་གྲུ་མེ་ཀུང་གཙང་བོའི་ནང་ལྷུང་ནས་གནམ་གྲུའི་མགོ་ཆུ་ཁར་གཡེང་འདུག་པ།

                   མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།

 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50469001
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1