འཛམ་གླིང་ཡོངས་ནས་ཡང་བསྐྱར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཅོས་བསྒྱུར་ལ་གྲོས་བསྡུར་བྱས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »འཛམ་གླིང་ཡོངས་ནས་ཡང་བསྐྱར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཅོས
འཛམ་གླིང་ཡོངས་ནས་ཡང་བསྐྱར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཅོས་བསྒྱུར་ལ་གྲོས་བསྡུར་བྱས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/10/21ལྟ་ཀློག (1699)རྩོམ་ཁུངས: པར་འདེབ།

    སོ་ཏི་ཨ་རབ་ཀྱི་ཨ་རབ་གསར་འགྱུར་གྱིས་ཚེས་ཉི་ཤུའི་ཉིན་དཔྱད་བརྗོད་རྩོམ་ཡིག་སྤེལ་ཏེ། གཅིག་སྟོང་དགུ་བརྒྱ་ཞེ་ལྔ་ལོར་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་མཁན་གྱིས་རང་རང་གི་ཁེ་ཕན་ལ་གཞིགས་ཏེ། སྒྲིག་ཡིག་གཏན་འབེབས་བྱས་པར་མ་ཟད་རྒྱལ་ཁབ་ལྔ་ལ་དུས་གཏན་གྱི་ཐག་གཅོད་དབང་ཆ་ཡོད་པའི་གོ་གནས་བསྩལ་བ་དང་། དེའི་རྗེས་སུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སྣང་ཚུལ་དེར་ནམ་ཡང་འགྱུར་ལྡོག་བྱུང་མེད། གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོའི་ཚུན་ལ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་བཅོས་བསྒྱུར་བྱེད་རྩིས་བྱས་ཀྱང་ནམ་ཡང་ཐུན་མོང་གི་ལྟ་ཚུལ་མ་བྱུང་། རྒྱ་གར་དང་འཇར་པན། པཱ་ཞི། ཧིན་རྡུ་ཉི་ཞི་ཡཱ་སོགས་རྒྱལ་ཁབ་མང་བོས་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཀྱི་ལས་འགན་ཁུར་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

     སོ་ཏི་ཨ་རབ་ཀྱིས་དམིགས་བསལ་ལས་འཛིན་རྒྱལ་ཁབ་ཀྱི་ལས་འགན་དང་ལེན་མ་བྱས་པའི་བྱ་སྤྱོད་ལས་རྒྱལ་སྤྱིའི་སྟེང་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་བཅོས་བསྒྱུར་བྱེད་དགོས་བགྲོ་གླེང་གཅིག་རྗེས་གཉིས་མཐུད་དུ་བྱུང་། བུའུ་ཁི་ལན་གྱི་གུང་གཞོན་ཚོགས་པའི་དྲང་བདེན་ཚགས་པར་སྟེང་བཀོད་པ་ལྟར་ན། རྒྱལ་ཁབ་དེའི་མཁས་པ་ལུའུ་ཅི་ཡཱ་ཁི་ཧྥུའུ་ཡིས་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བྱ་སྤྱོད་དེ་ལས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཉམས་ཉེན་བདེན་དཔང་བྱས་ཡོད། ཉེ་སྔོན་རྒྱལ་སྤྱིའི་རྩ་འཛུགས་མང་བོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་མེད་པས་བཅོས་བསྒྱུར་དང་བསྐྱར་འཛུགས་བྱེད་པའི་རེ་བ་བཏོན་པ་ཡིན་ཟེར། འཇར་མན་གྱི་པའོ་ལིན་ཉིན་རེའི་ཚགས་པར་གྱིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྔོན་ཆད་དང་འདྲ་བར་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་ཐབས་མེད་ཅིང་། ཨ་མེ་རི་ཁ་དཔལ་འབྱོར་ཉམས་ཉེན་གྱི་དབང་གིས་ནང་སྲིད་ལ་མགོ་འཁོར་ནས། འཛམ་གླིང་གི་ཆབ་སྲིད་ཤུགས་རྐྱེན་ཆེན་པོ་ཤོར་ཡོད་ལ། སོ་ཏི་ཨ་རབ་ཀྱིས་དང་ལེན་མ་བྱས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དངོས་ཡོད་གནས་ཚུལ་ཡིན་པས། བཅོས་བསྒྱུར་ནི་ལྡོག་ཏུ་མེད་པ་ཞིག་ཏུ་ངེས་ཟེར།

     ཨ་མེ་རི་ཁའི་ཕྱི་འབྲེལ་སྲིད་ཇུས་ཀྱིས་བཤད་རྒྱུར། ཆབ་སྲིད་དང་ཕྱི་འབྲེལ་སོགས་རྒྱུ་རྐྱེན་མང་བོའི་དབང་གིས་རྒྱལ་ཁབ་གཞན་པས་སོ་ཏི་ཨ་རབ་ཀྱི་བྱེད་ཐབས་ལད་མོ་བྱེད་པར་ཐེ་ཚོམ་གྱི་རྣམ་འགྱུར་བཟུང་ཡོད་ཅིང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བྱེད་ནུས་ཉམས་པ་དང་ཚད་གཞི་གཉིས་ལྡན་ཐད་གླེང་ཕྱོགས་དང་བསམ་ཚུལ་སྣ་ཚོགས་ཡོད་ཀྱང་། རྒྱལ་ཁབ་མང་བོས་འཐབ་འཁྲུག་སློང་འདོད་མེད་ལ། རྒྱལ་ཁབ་མང་བོས་མིག་སྔའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲུབ་ཚུལ་ལ་ཡིད་རྟོན་བྱེད་སྲིད། རྒྱུ་མཚན་ནི་གལ་ཏེ་བཅོས་བསྒྱུར་བྱས་ན་ས་ཁུལ་གྱི་འགྲན་ཡ་ལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གོ་གནས་གསར་བ་ཐོབ་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་པས་རེད་ཟེར།

                    མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50465803
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1