ཨ་མེ་རི་ཁས་ཕཱ་ཁི་སི་ཐན་གྱི་དམག་དོན་རོགས་སྐྱོར་སླར་གསོ་བྱས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 16 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »ཨ་མེ་རི་ཁས་ཕཱ་ཁི་སི་ཐན་གྱི་དམག་དོན་རོགས་སྐྱོར་སླར་གསོ་བྱས་པ།
ཨ་མེ་རི་ཁས་ཕཱ་ཁི་སི་ཐན་གྱི་དམག་དོན་རོགས་སྐྱོར་སླར་གསོ་བྱས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/10/22ལྟ་ཀློག (1717)རྩོམ་ཁུངས: པར་འདེབ།

   ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་ཉི་ཤུའི་ཉིན་བདེན་དཔང་བྱས་དོན། ཕཱ་ཁི་སི་ཐན་བར་གྱི་འབྲེལ་བ་ལེགས་བཅོས་བྱས་པ་དང་བསྟུན་ནས། ཨ་མེ་རི་ཁའི་སྲིད་གཞུང་གིས་ཕཱ་ཁི་སི་ཐན་གྱི་དམག་དོན་མ་དངུལ་རོགས་སྐྱོར་སླར་གསོ་བྱེད་བཞིན་ཡོད་ཟེར།

       རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བུད་མེད་མགྲིན་ཚབ་པ་ཧཱ་ཧྥུའུ་ཡིས་བདེན་དཔང་བྱས་དོན། ཨ་མེ་རི་ཁའི་སྲིད་གཞུང་གིས་ད་ལོའི་དབྱར་ཁར་རྒྱལ་ཚོགས་ལ་བརྡ་བཏང་སྟེ། ཕཱ་ཁི་སི་ཐན་གྱི་དམག་དོན་རོགས་སྐྱོར་སླར་གསོ་བྱེད་རྩིས་ཡོད་པའི་ཚུལ་བསྟན་ཡོད་ཟེར། ཁོ་མོས་བཤད་རྒྱུར། ཉིས་སྟོང་བཅུ་གཅིག་ལོ་དང་ཉིས་སྟོང་བཅུ་གཉིས་ལོར། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འགྲན་རྩོད་བྱུང་སྟེ། བདེ་འཇགས་རོགས་སྐྱོར་གྱི་གོམ་སྟབས་ཇེ་དལ་དུ་སོང་ཡང་། དཔལ་འབྱོར་རོགས་སྐྱོར་མཚམས་ཆད་མེད་ཟེར།

      འདས་པའི་ལོ་འགའི་ནང་། ཨ་མེ་རི་ཁ་དང་ཕཱ་ཁི་སི་ཐན་གྱི་འབྲེལ་བ་ཇེ་སྡུག་ཏུ་སོང་བ་དང་། ཨ་མེ་རི་ཁའི་དམིགས་བསལ་དམག་དཔུང་ཉིས་སྟོང་བཅུ་གཅིག་ལོར་ཕཱ་ཁི་སི་ཐན་དུ་སོང་ནས། རྟེན་གཞི་རྩ་འཛུགས་ཀྱི་མགོ་བ་པིན་ལཱ་ཏན་བསད། ལོ་དེར་ཨ་མེ་རི་ཁའི་དམག་དཔུང་གིས་ད་རུང་བར་སྣང་ནས་འཇབ་རྒོལ་བྱས་ཏེ་ཕཱ་ཁི་སི་ཐན་གྱི་དམག་མི་ཉེར་བཞི་བསད་པར་མ་ཟད། ཨ་མེ་རི་ཁའི་མི་བསྡད་མེད་པའི་གནམ་གྲུས་ཡང་དང་བསྐྱར་དུ་ཕཱ་ཁི་སི་ཐན་གྱི་མངའ་ཁོངས་སུ་བར་སྣང་ནས་འཇབ་རྒོལ་བྱས་ཏེ་མི་སེར་དཀྱུས་མར་ཤི་རྨས་བཟོས་ཡོད།

       ཕཱ་ཁི་སི་ཐན་གྱིས་ཨ་མེ་རི་ཁའི་ཕྱོགས་ཀྱིས་རང་གི་བདག་དབང་ལ་རྒོལ་བའི་བྱ་སྤྱོད་ལ་ངོ་རྒོལ་བྱས་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཕཱ་ཁི་སི་ཐན་གྱིས་ཐཱ་ལེ་པན་དང་དྲག་ཆས་རྩ་འཛུགས་གཞན་པར་ཆམ་ཕབ་གཏོང་བར་བརྩོན་སེམས་ཆེན་པོ་མེད་པ་དང་། ཕཱ་ཁི་སི་ཐན་གྱི་གསང་འཕྲིན་སྡེ་ཁག་གིས་ལྐོག་ནས་དྲག་ཆས་རྩ་འཛུགས་བར་འབྲེལ་གཏུག་བྱེད་བཞིན་ཡོད་པར་བཤད།

ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་རྒྱལ་ཚོགས་ལ་བརྡ་བཏང་སྟེ། ཕཱ་ཁི་སི་ཐན་ལ་ཨ་མེ་རི་ཁའི་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་དྲུག་གི་དཔལ་འབྱོར་དང་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྩིས་ཡོད་པ་དང་། གཙོ་བོ་ཕཱ་ཁི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་ཆམ་ཕབ་ཏུ་གཏོང་བའི་འགུལ་སྐྱོད་ལ་རོགས་རམ་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།

                                  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་ལས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
wtl0 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50484224
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1