ཨ་མེ་རི་ཁས་ནེ་ཀྲི་རི་ཡཱའི་ཐལ་སྤྱོད་རྩ་འཛུགས་གཉིས་ཕྱི་རྒྱལ་གྱི་འཇིགས་སྐུལ་རྩ་འཛུགས་སུ་ཐག་གཅོད་བྱེད་རྒྱུ་ཡིན་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »ཨ་མེ་རི་ཁས་ནེ་ཀྲི་རི་ཡཱའི་ཐལ་སྤྱོད་རྩ་འཛུགས་གཉིས་ཕྱི་རྒྱལ་གྱ
ཨ་མེ་རི་ཁས་ནེ་ཀྲི་རི་ཡཱའི་ཐལ་སྤྱོད་རྩ་འཛུགས་གཉིས་ཕྱི་རྒྱལ་གྱི་འཇིགས་སྐུལ་རྩ་འཛུགས་སུ་ཐག་གཅོད་བྱེད་རྒྱུ་ཡིན་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/11/14ལྟ་ཀློག (1713)རྩོམ་ཁུངས: མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་དྲ་བ།པར་འདེབ།

    ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ནེ་ཀྲི་རི་ཡཱའི་ཐལ་སྤྱོད་རྩ་འཛུགས་པའོ་ཁི་གནས་མཆོག་དང་ཨན་སཱ་ལུའུ་གཉིས་ཕྱི་རྒྱལ་གྱི་འཇིགས་སྐུལ་རྩ་འཛུགས་སུ་ངོས་འཛིན་བྱས་པ་དང་། ཞོར་དུ་རྩ་འཛུགས་དེ་གཉིས་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

    ཙུང་ཐུང་གི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་བློ་འདོན་པ་མའོ་ནཱ་ཁི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། འདས་པའི་ལོ་འགའི་ནང་། པའོ་ཁི་གནས་མཆོག་དང་ཨན་སཱ་ལུའུ་རྩ་འཛུགས་གཉིས་ཆོས་ཁང་གི་འཇབ་རྒོལ་དང་མི་སེར་དཀྱུས་མའི་དམར་གསོད་བྱ་འགུལ་ཐེངས་བཅུ་ལྷག་ལ་ཞུགས་མྱོང་བ་དང་། ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་དང་དབུས་ཕྱོགས་ས་ཁུལ་དུ་མི་སྟོང་ཕྲག་འགའི་ཚེ་སྲོག་འཕྲོག་ཡོད་ཟེར།

    པའོ་ཁི་གནས་མཆོག་དང་ཨན་སཱ་ལུའུ་གཉིས་ཕྱི་རྒྱལ་གྱི་འཇིགས་སྐུལ་རྩ་འཛུགས་ནང་བཞག་པའི་ཞོར་དུ་ཨ་མེ་རི་ཁས་རྩ་འཛུགས་དེ་ཨ་མེ་རི་ཁའི་དངུལ་ལོར་ཚོང་རར་ཞུགས་པར་གཏན་འགོག་བྱེད་རྒྱུ་དང་། དངུལ་ཁང་གིས་རྩ་འཛུགས་དེ་གཉིས་ཀྱི་ཨ་མེ་རི་ཁའི་མངའ་ཁོངས་ཀྱི་རྒྱུ་ནོར་བཀག་འཇོག་བྱེད་པར་ཆོག་མཆན་བཀོད་པར་མ་ཟད། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་རྩ་འཛུགས་དེ་གཉིས་ལ་རྒྱུ་དངོས་ཀྱི་རྒྱབ་སྐྱོར་དང་མ་དངུལ་གྱི་འགྲོ་འོང་བྱེད་པ་གཏན་འགོག་བྱེད་རྒྱུ་རེད།

     གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁ་ནམ་ཡང་བློ་བརྟན་འགྱུར་མེད་ཀྱིས་ནེ་ཀྲི་རི་ཡཱའི་རྒྱབ་རྩ་ནས་ལངས་ཏེ། མཉམ་དུ་རྩ་འཛུགས་དེ་གཉིས་ཀྱི་འཇིགས་སྐུལ་བྱ་འགུལ་རྩ་མེད་དུ་གཏོང་བར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0wp3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50471107
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1