འབྲོག་མོ་སྒྲོལ་མ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 16 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» སྙན་རྩོམ། » འབྲོག་མོ་སྒྲོལ་མ།
འབྲོག་མོ་སྒྲོལ་མ།
རྩོམ་སྒྲིག་པ།  ངེད་དྲ་བ། སྤེལ་དུས། 2013/11/17ལྟ་ཀློག (1717)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                བྲག་རྡོ། ༼ལན་གྲུ༽ 

ཆུང་འདྲིས་དྲན་ཐེངས་རེ་ལ།།

སེམས་པ་འཁྱག་གིས་བསྡམས་སོང་།།

འཁྱག་གིས་བསྡམས་པས་སེམས་པ།།

ཆུང་འདྲིས་ཕྱོགས་ལ་ཤོར་ཡོད།།

 

འབྲི་མོ་བཏགས་པའི་རྡང་ན།།

འབྲོག་མོའི་བཞོ་དབྱངས་ཁྱབ་ཡོད།།

བདག་གི་ཡ་ཆུང་སེམས་ལ།།

འབྲོག་མོའི་སེམས་གཏམ་བསྐྱིལ་ཡོད།།

 

ང་དང་འབྲོག་མོ་སྒྲོལ་མ།།

ལུས་སེམས་གཅིག་ལ་གཏད་ཡོད།།

བརྩེ་བ་གཅིག་ལ་གཏད་ཡོད།།

བློ་སེམས་གཅིག་ལ་གཏད་ཡོད།།

 

སློག་པ་སྐྱ་ལྡང་གྱོན་པའི།།

ང་ཡི་འབྲོག་མོ་སྒྲོལ་མ།།

སྣུམ་དྲེགས་བཞོ་ཟེའུ་བཟུང་བའི།།

ང་ཡི་འབྲོག་མོ་སྒྲོལ་མ།།

 

ཐར་ཐོར་ལུག་ཁྱུའི་རྫི་བོ།།

ང་ཡི་འབྲོག་མོ་སྒྲོལ་མ།།

ཐུལ་དཀར་འབྲི་མོའི་བདག་མོ།།

ང་ཡི་འབྲོག་མོ་སྒྲོལ་མ།།

 

ང་ཡི་བརྩེ་བ་དྭངས་མོ།།

འབྲོག་མོ་སྒྲོལ་མ་གཏད་ཡོད།།

སེམས་ཀྱི་དར་སྐུད་རིང་མོ།།

འབྲོག་མོ་སྒྲོལ་མར་འཐེན་ཡོད།།

 

སེམས་ལ་གློག་ཞགས་བརྒྱབ་འདྲ།།

མིག་ཟུང་ལོངས་བར་གྱུར་འདྲ།།

རྣ་བ་འོན་པར་གྱུར་འདྲ།།

འབྲོག་མོ་སྙིང་ནས་དྲན་ཡོང་།།

 

སེམས་ལ་སྨག་གནག་འཐིབ་འདྲ།།

ལུས་སེམས་རྨས་པ་བཞིན་འདྲ།།

ང་ཡི་འབྲོག་མོ་སྒྲོལ་མ།།

ག་ལེར་ག་ལེར་དྲན་ཡོང་།།

 

 

གནག་སྣུམ་སྐྲ་ལོའི་ལན་བུ།།

ལུས་ཀྱི་རྒྱབ་ལ་དཔྱངས་ཡོད།།

ཁྱོད་ཀྱིས་སྒེག་མཛེས་འགྲོ་སྟངས།།

སེམས་ན་ག་ལེར་ག་ལེར།།

 

ཆུང་འདྲིས་འབྲོག་མོ་སྒྲོལ་མ།།

ཚེ་གཅིག་སྙིང་གི་སྐྱ་ཡ།།

ཚེ་གཅིག་སྐྱ་ཡའི་ཕྱོགས་ལ།།

སྙིང་གཏམ་མཚོ་བཞིན་བསྐྱིལ་ཡོད།།

 

དཀར་འཇམ་ཚར་རའི་ནང་ན།།

འབྲོག་མོ་སྒྲོལ་མའི་མིག་ཟུང་།།

མཐོན་མཐིང་སྐར་ཆེན་འདྲ་བར།།

ང་ཡི་ཕྱོགས་ལ་ཅེར་ཡོད།།

 

འབྲོག་མོ་སྒྲོལ་མོའི་བྲང་གཞུང་།།

དཀར་འཇམ་ཚར་རུ་ནང་བཞིན།།

དྲོད་དང་འཇམ་ཤ་ལྡན་པ།།

ལུས་སེམས་སྨོན་པ་ཤོར་ཡོད།།

  

གཤིས་བཟང་འབྲོག་མོ་སྒྲོལ་མ།།

གཏན་གྱི་འདུན་མར་གྱུར་ཡོད།།

རིག་བཟང་འབྲོག་མོ་སྒྲོལ་མ།།

སྙིང་གི་ཚིག་གསུམ་བཤད་ཡོད།།

 

ཚར་ཞྭ་མཛེས་པའི་འོག་ན།།

འབྲོག་མོའི་མིག་ཟུང་རིག་རིག །

སྙིང་གི་ང་ཡི་ཕྱོགས་ལ།།

ག་ལེར་ག་ལེར་བལྟས་ཡོད།།

 

འབྲོག་མོའི་དངུལ་གྱི་གདུ་བུ།།

ང་ལ་དྲན་རྟེན་བྱིན་ཐལ།།

ང་ཡི་སྙིང་གི་ཚིག་གསུམ།།

འབྲོག་མོ་སྒྲོལ་མར་བྱིན་ཡོད།།

 

ཆར་རླུང་དྲག་པའི་ནང་ནས།།

འབྲོག་མོའི་ངོ་གདོང་བྱིད་ཐལ།།

ཁ་བ་བ་ཡུག་ནང་ནས།།

འབྲོག་མོའི་མིག་ཟུང་བྱིད་ཐལ།།

 

 

སྙིང་གཏམ་ཚིག་གཅིག་མ་ལུས།།

འབྲོག་མོ་སྒྲོལ་མར་ལབ་ཡོད།།

ལྕི་འདམ་ལས་ཀའི་ཁྲོད་ནས།།

འབྲོག་མོའི་མི་ཚེ་ཚར་ཐལ།།

 

ལག་ན་འུར་ཆ་བཟུང་ཡོད།།

ལུས་ལ་ཚར་ལྭ་གྱོན་ཡོད།།

སྐེ་ལ་བྱུ་རུ་བཏགས་ཡོད།།

ང་ཡི་འབྲོག་མོ་སྒྲོལ་མ།།

 

འབྲོག་མོའི་གོམ་པའི་འདེགས་འཇོག །

ཕྱུགས་རའི་རྗེས་ལ་སྙེག་ཡོད།།

ཚེ་གཅིག་དམིགས་ཡུལ་གཙོ་བོ།།

ཕྱུགས་རའི་འཕེལ་ཁ་དམིགས་ཡོད།།

 

བྱུ་རུའི་རྣ་ལོང་ཆ་གཅིག །

འབྲོག་མོ་སྒྲོལ་མར་ཉོས་ཡོད།།

སྙིང་གཏམ་རྣལ་མ་འགའ་རེ།།

འབྲོག་མོ་སྒྲོལ་མར་ལབ་ཡོད།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50484219
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1