མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་ལག་བསྟར་བྱེད་པའི་ཉམས་མྱོང་བརྗེ་རེས་དང་རིགས་གཞུང་ཞིབ་བསྡུར་ཚོགས་འདུ་བསྡུས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 15 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» རྒྱལ་ནང་གསར་འགྱུར། »མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས
མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་ལག་བསྟར་བྱེད་པའི་ཉམས་མྱོང་བརྗེ་རེས་དང་རིགས་གཞུང་ཞིབ་བསྡུར་ཚོགས་འདུ་བསྡུས་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/1/6ལྟ་ཀློག (1703)རྩོམ་ཁུངས: མཚོ་སྔོན་པོ་གསར་འགྱུར་དྲྭ། པར་འདེབ།

     ཚེས་ལྔ་ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་བཅས་ཀྱིས་མཉམ་དུ་གཙོ་བསྒྲུབས་བྱས་པའི་ཞིང་ཆེན་ཡོངས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་ལག་བསྟར་བྱེད་པའི་ཉམས་མྱོང་བརྗེ་རེས་དང་རིགས་གཞུང་ཞིབ་བསྡུར་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏི་མ་ཅ་ཡིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུག་ཡིག་ཆེན་མོ་ཝང་ཞའོ་ཆིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅི་རིན་ཧྥུན་གྲོས་ཚོགས་སུ་ཞུགས། གྲོས་ཚོགས་ནས་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡི་ལྟེ་གནས་ཚན་ཆུང་གིས་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱས་པའི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོར་བརྗེ་རེས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་རིགས་གཞུང་གལ་ཆེན་དང་ལག་ལེན་གནད་དོན་ཐད་ལ་གྲོས་བསྡུར་དང་ཞིབ་འཇུག་བྱས་པ་དེས། མཚོ་སྔོན་ཞིང་ཆེན་གྱིས་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལག་ལེན་གྲུབ་འབྲས་དང་རིགས་གཞུང་གྲུབ་འབྲས་གང་ལེགས་སྒོས་མཚོན།

   ཚང་མས་བལྟས་ན། ཞིང་ཆེན་ཡོངས་ནས་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་བསླངས་པ་དེས། མགོ་ཁྲིད་ལས་བྱེད་པའི་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་པ་དང་། སློབ་སྦྱོང་དང་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ལ། ཆབ་སྲིད་ཀྱི་འདུ་ཤེས་དང་ཆེ་ཕྱོགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། རྒྱལ་ཁབ་དང་མཚོ་སྔོན་གྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། ཏང་སྲོལ་སྲིད་སྲོལ་དང་སྤྱོད་སྟངས་བསྒྱུར་བའི་བྱ་བར་མངོན་གསལ་སྒོས་ཡར་སྐུལ་བྱས་ཤིང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གི་སེམས་ཤུགས་ཇེ་དྲག་ཏུ་བཏང་བ་དང་། བྱ་བ་སྣ་ཚོགས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་བྱས་ནས། དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས་ཟེར།

   ཚང་མས་བལྟས་ན། གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཏང་དང་མི་དམངས་ཀྱིས་ཡུན་རིང་ལག་ལེན་བྱས་ནས་བླངས་པའི་རྩ་བའི་གྲུབ་འབྲས་དང་ཀྲུང་གོའི་ཕུགས་འདུན་གྱི་གཞི་རྩའི་ནང་དོན་དང་། དེ་མངོན་འགྱུར་གྱི་ཐབས་ལམ་དང་ལག་ལེན་གྱི་རེ་བ་བཅས་ཡིན་པར་གོ་བ་ཟབ་མོ་ལེན་པ་དང་། བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་ནི་ང་ཚོའི་ཏང་དང་མི་དམངས་གོམ་སྟབས་ཆེན་པོས་དུས་རབས་ཀྱི་མདུན་དུ་བསྐྱོད་པའི་ཐབས་མཆོག་དང་འཕེལ་རྒྱས་ནི་ང་ཚོའི་ཏང་གིས་སྲིད་སྐྱོང་རྒྱལ་དར་གྱི་ལས་འགན་གལ་ཆེན་ཡིན་པར་གོ་བ་ཟབ་མོ་ལེན་པ། མི་དམངས་དམངས་གཙོ་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མཐོར་པོར་སྒྲེང་བའི་དར་ཆ་ཡིན་པར་གོ་བ་ཟབ་མོ་ལེན་པ། བསམ་བློའི་འདུ་ཤེས་བྱ་བ་ནི་ཏང་གི་ཧ་ཅང་གལ་ཆེ་བའི་བྱ་བ་ཞིག་ཡིན་པར་གོ་བ་ཟབ་མོ་ལེན་དགོས་པར་འདོད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
1xp4 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50468365
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1