མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིགས་རྒྱུད་བར་གྱི་དམར་གསོད་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 10 ཚེས 16 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» གཙོ་ངོས།» འཛམ་གླིང་གསར་འགྱུར། »མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིགས་རྒྱ
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིགས་རྒྱུད་བར་གྱི་དམར་གསོད་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་བ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/1/16ལྟ་ཀློག (1721)རྩོམ་ཁུངས: མཚོ་སྔོན་རྒྱང་སྒྲོག་དྲྭ།པར་འདེབ།

རུ་ཝང་ཏཱའི་རིགས་རྒྱུད་བར་གྱི་དམར་གསོད་དོན་རྐྱེན་བྱུང་ནས་ལོ་ངོ་ཉི་ཤུ་འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་ཚེས་བཅོ་ལྔ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་བསྡུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོ་གར་དེར་བསམ་བློ་ཡག་པོ་བཏང་སྟེ། ཡང་བསྐྱར་དོན་རྐྱེན་དེ་འདྲ་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཨེ་ལེ་ཡཱ་སུང་གིས་ཚེས་བཅོ་ལྔ་ཉིན་རྗེས་དྲན་བྱ་འགུལ་སྟེང་གཏམ་བཤད་སྤེལ་ཏེ། ང་ཚོས་རུ་ཝང་ཏཱའི་རིགས་རྒྱུད་བར་གྱི་དམར་གསོད་དོན་རྐྱེན་སྔོན་འགོག་བྱེད་མ་ཐུབ་པའི་ཐུན་མོང་གི་ཕམ་ཁ་བརྗེད་མི་རུང་ཞིང་། མ་འོངས་པར་སྐྱོ་གར་དེ་འདྲ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་ན། མགོ་ཁྲིད་ནུས་པ་དང་རིམ་པ་སོ་སོར་དོན་དངོས་གསལ་རྗེན་དུ་བརྗོད་པའི་སྤོབས་པ་དགོས་པ་དང་། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞི་རྩའི་འགན་འཁྲི་རྒྱུན་འཁྱོངས་བྱེད་དགོས་ཟེར། ཁོས་ཞོར་དུ་ད་རུང་རིགས་རྒྱུད་བར་གྱི་དམར་གསོད་དོན་རྐྱེན་ལ་མཐོང་ཆེན་དང་སྔ་མོ་ནས་ཐེ་གཏོགས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨེ་ལེ་ཡཱ་སུང་གིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་ཉམས་ཉེན་ལ་ཚོད་དཔག་དང་སྔོན་འགོག ཐག་གཅོད་བཅས་བྱེད་པའི་ཐད་གྲ་སྒྲིག་གང་ལེགས་བྱས་ཡོད་ལ། མིག་སྔར་སུའུ་ཏན་ལྷོ་མའི་ཉམས་ཉེན་ཁྲོད་མི་སེར་དཀྱུས་མ་མང་བོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣའི་སྒར་ས་ནས་སྲུང་སྐྱོབ་ཐོབ་ཡོད་པ་ནི་མིག་མཐོང་ལག་ཟིན་གྱི་དཔེ་མཚོན་ཞིག་ཡིན། ན་ནིང་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་ལ་སུའུ་ཏན་ལྷོ་མའི་ཉམས་ཉེན་བྱུང་རྗེས། མིག་སྔར་མི་སེར་དཀྱུས་མ་ཁྲི་དྲུག་དང་སྟོང་ལྔ་ཡིས་གནས་སྐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁབ་དེར་ཡོད་པའི་སྒར་ས་བཅུ་རུ་འཚོ་བ་རོལ་བཞིན་ཡོད་ཟེར།

ཁོས་ད་རུང་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གང་ནུས་ཀྱིས་སུའུ་ཏན་ལྷོ་མ་དང་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ནས་བྱུང་བའི་འགྲོ་མིའི་ཐོབ་ཐང་ལ་གནོད་པའི་བྱ་སྤྱོད་ལ་བཀག་འགོག་བྱས་ཏེ། སྐྱོ་གར་དེ་འདྲ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85xb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
50484221
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1